བཅུ་རྣམས་སུ་ཡང་། །​སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི། །​བཟང་པོ་སྤྱོད་པའི་སྨོན་ལམ་བཏབ་པ་ཡིས། །​དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །​དེས་ནི་འགྲོ་བའི་དགེ་བའི་སྨོན་ལམ་རྣམས། །​སྐད་ཅིག་གཅིག་གིས་ཐམས་ཅད་འབྱོར་བར་ཤོག །​བཟང་པོ་སྤྱོད་པའི་སྨོན་ལམ་བསྔོས་པ་ཡིས། །​བསོད་ནམས་དམ་པ་མཐའ་ཡས་གང་ཐོབ་དེས། །​འགྲོ་བ་སྡུག་བསྔལ་ཆུ་བོར་བྱིང་བ་རྣམས། །​འོད་དཔག་མེད་པའི་གནས་རབ་ཐོབ་པར་ཤོག །​སྨོན་ལམ་རྒྱལ་པོ་འདི་མཆོག་གཙོ་དེས་ནི། །​འགྲོ་བ་མཐའ་ཡས་ཀུན་ལ་ཕན་བྱེད་ཅིང་། །​ཀུན་ཏུ་བཟང་པོས་བརྒྱན་པའི་གཞུང་གྲུབ་ཅིང་། །​ངན་སོང་རྒྱུད་གསུམ་མ་ལུས་སྟོངས་པར་ཤོག །​འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་རྫོགས་སྷོ།​། །​།


The English translation of this folio by 84000 Translating the words of the Buddha can be found at:
https://84000.co/translation/toh1095/UT22084-101-151-199#UT22084-101-151-199