༄༅། །​རྒྱ་གར་སྐད་དུ། ཨཱརྱ་བྷ་དྲ་ཙཱརྱ་པྲ་ཎིདྷཱ་ན་རཱ་ཛཱ། བོད་སྐད་དུ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །​ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །​དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །​བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །​ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །​བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །​རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །​ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །​རྒྱལ་


The English translation of this folio by 84000 Translating the words of the Buddha can be found at:
https://84000.co/translation/toh1095/UT22084-101-151-98#UT22084-101-151-98