འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །​རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡིས། །​དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །​ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །​འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །​འཇིག་རྟེན་དག་ན་གང་བཞུགས་མཆོད་པར་གྱུར། །​གང་ཡང་མ་བྱོན་དེ་དག་རབ་མྱུར་བར། །​བསམ་རྫོགས་བྱང་ཆུབ་རིམ་པར་སངས་རྒྱས་སྤྱོན། །​ཕྱོགས་བཅུ་ག་ལའི་ཞིང་རྣམས་ཇི་སྙེད་པ། །​དེ་དག་རྒྱ་ཆེར་ཡོངས་སུ་དག་པར་གྱུར། །​བྱང་ཆུབ་ཤིང་དབང་དྲུང་གཤེགས་རྒྱལ་བ་དང་། །སངས་རྒྱས་སྲས་ཀྱིས་རབ་ཏུ་གང་བར་ཤོག །​ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ། །​དེ་དག་རྟག་ཏུ་ནད་མེད་བདེ་བར་འགྱུར། །​འགྲོ་བ་ཀུན་གྱི་ཆོས་ཀྱིས་དོན་རྣམས་ནི། །​མཐུན་པར་གྱུར་ཅིང་རེ་བའང་འགྲུབ་པར་ཤོག །​བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང་། །​འགྲོ་བ་ཀུན་ཏུ་སྐྱེ་བ་དྲན་པར་འགྱུར། །​ཚེ་རབས་ཀུན་ཏུ་འཆི་འཕོ་སྐྱེ་བ་ན། །​རྟག་ཏུ་བདག་ནི་རབ་ཏུ་འབྱུང་བར་ཤོག །​རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །​བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །​ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པར། །​རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །​ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །​གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །​འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །​ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །​དེས་ཤིང་ཕ་རོལ་ཕྱིན་ལ་རབ་བརྩོན་ཏེ། །​བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར། །​སྡིག་པ་གང་རྣམས་སྒྲིབ་པར་གྱུར་པ་དག །​དེ་དག་མ་ལུས་ཡོངས་སུ་བྱང་བར་ཤོག །​ལས་དང་ཉོན་མོངས་བདུད་ཀྱི་ལས་རྣམས་ལས། །​གྲོལ་ཞིང་འཇིག་རྟེན་འགྲོ་བ་རྣམས་སུ་ཡང་། །​ཇི་ལྟར་པདྨ་ཆུས་མི་ཆགས་པ་བཞིན། །​ཉི་ཟླ་ནམ་མཁའ་ཐོགས་པ་མེད་ལྟར་སྤྱད། །​ཞིང་གི་ཁྱོན་དང་ཕྱོགས་རྣམས་ཇི་ཙམ་པར། །​ངན་སོང་སྡུག་བསྔལ་རབ་ཏུ་ཞི་བར་བྱེད། །​བདེ་བ་དག་ལ་འགྲོ་བ་ཀུན་འགོད་ཅིང་། །​འགྲོ་བ་ཐམས་ཅད་ལ་ནི་ཕན་པར་སྤྱད། །​བྱང་


The English translation of this folio by 84000 Translating the words of the Buddha can be found at:
https://84000.co/translation/toh1095/UT22084-101-151-119#UT22084-101-151-119