ཕུར་བུས་གདབ། ཡ་གོ་ལེ་ཧཱུྃ་དྲཱུྃ། པྲ་དོ་པྲ་ཡེ་བྷྱཿཕཊ། བསམ་མེད་ཞིང་ཆེན་གྱི་གུར་དྲུག་ལ་དབང་བྱེད་མ། །​ལྷ་མོ་ཉིད་ཀྱི་ནད་ལགས་ཏེ། །​ཁ་ནས་ཁྲག་ཏུ་སྐྱུག་པ་དང་། །​ལུས་ལ་ཚ་བ་སྐྱེས་པ་དང་། །​ཡན་ལག་འཁོངས་པར་བྱེད་པའོ། །​ཡ་མ་ཐུགས་རྗེའི་རིག་སྔགས་ཀྱིས་གཅད། །​ཡམ་ཆགས་བྱེད་ཀྱི་ཕུར་བུས་གདབ། །​ཙ་ག་ཡ་བྃ་བྷྱཿཕཊ། གུར་ལ་དེ་ཧཱུྃ་དྲཱུྃ། རེ་ལྡེའི་གུར་བདུན་པའི་ནང་ཤེད་ན། །​ཁྲམ་ལ་འདེབས་པའི་མ་མོ་སྟེ། །​ཁ་ནས་ཁྲག་ནད་འབེབས་པ་དང་། །​ལུས་ལ་ཚ་བའི་མེ་ཆེན་སྦར་བ་དང་། །​ཟངས་གྲི་ཐོགས་པའི་ལས་བྱེད་དེ། །​ཁྱུང་ཆེན་འབར་བའི་རིག་སྔགས་ཀྱིས་གཅད། །​དུག་ཆེན་ཚར་གཅོད་ཀྱི་ཕུར་བུས་གདབ། །​ད་ཧེ་ཡ་ཨ་ཧཱུྃ་དྲཱུྃ། མེ་ཙ་ཡེ་བྷྱཿཕཊ། གླང་པོ་ཆེའི་གུར་བརྒྱད་པའི་ནང་ཤེད་ན། །​བོང་བུ་དྲེའུ་ཞོན་པའི་བུད་མེད་དེ། །​ལྷོག་པ་གློ་དང་རྐང་པ་ནད་ཀྱི་བདག །​གཤིན་རྗེ་ཐུགས་ཀྱི་རིག་སྔགས་ཀྱིས་གཅད། །​འབར་མ་དབང་གི་ཕུར་བུས་གདབ། །​ཙ་ཀྲ་ཀི་ལི་ཀི་ལ་ཡེ་བྷྱཿཕཊ། ཨཱ་ཀོ་ལྃ་ཧཱུྃ་དྲཱུྃ། བསེ་གུར་ཁྲ་བོ་དགུའི་ནང་ཤེད་ན། །​རྔ་བྲན་སྨན་གྱི་གཙོ་མོ་དགུས། །​སེར་བ་སད་དང་འགོང་ནད་དང་། །​ཕུང་བྱེད་ཁང་བ་རྡིབ་པ་དང་། །​ལྦོ་ཞིང་སྣ་ཐབས་སུན་པ་ནི་ནག་པོ་དགུའི་ནད་ཡིན་པས། དབྱིངས་ཀྱི་གཙོ་མོའི་རིག་སྔགས་ཀྱིས་གཅད། །​འཁོར་བ་རབ་འཇོམས་ཀྱི་ཕུར་བུས་གདབ། །​ཀུ་མ་ལ་ཡ་ཧཱུྃ་དྲཱུྃ། ཤ་མ་མ་ཡེ་བྷྱཿཕཊ། མཐིང་ནག་གི་གུར་བཅུ་ཕུབ་པའི་ནང་ཤེད་ན། །གུར་ལ་དབང་བ་བཅུ་གནས་པ། །​མཛེ་དང་ཤུ་བ་གཡན་པ་དང་། །​དུག་སྦྱོར་མ་དང་འཁྲུག་བྱེད་དང་། །​གྲི་ཐབས་སུ་གསོད་པར་བྱེད་པ་ནི་ཁྲོ་བོ་གྲགས་འཛིན་གྱི་རིག་སྔགས་ཀྱིས་གཅད། ཁྱབ་པ་མའི་ཕུར་བུས་གདབ། །​ཨ་ཀོ་ཤ་མེ་རར་ཧཱུྃ་དྲཱུྃ། པྲ་དུ་ལེ་བྷྱཿཕཊ། གསང་བ་པདྨ་གུར་བཅུ་གཅིག་པའི་ནང་ཤེད་ན། །​བཅུ་གཅིག་དབང་གི་གུར་བདག་མོ། །​ཁྱབ་བདལ་ཆེན་མོ་དབང་གི་སྐུ། །​འཇིག་རྟེན་དུ་ཆར་སྒོ་གཟའ་ཡིས་འགེགས་ཤིང་། ཆར་པ་འབེབས་སུ་མི་སྟེར་བ་ནི་དཔལ་ཆེན་དབྱིངས་ཀྱི་རིག་སྔགས་ཀྱིས་གཅད། །​མཛེས་མ་


The English translation of this folio by 84000 Translating the words of the Buddha can be found at:
https://84000.co/translation/toh987/UT22084-101-042-292#UT22084-101-042-292