ཀ་ར་པྲ་མ་ནི་བྷྱཿཕཊ། ཤ་ཏུ་མ་ཀི་ལི་ཀི་ལ་ཡ་ཧཱུྃ་ཕཊ། བུད་མེད་ནག་མོར་མངོན་པ་དང་། །​རྣལ་འབྱོར་སྤྱན་རྟུལ་བྱེད་པ་ནི། །​སྒྲོལ་བྱེད་ནག་མོའི་གདོན་ཡིན་པས། །​ལེགས་ལྡན་དཀའ་ཐུབ་ཀྱི་རིག་སྔགས་ཀྱིས་གཅད་དོ། །​ཤུགས་སྒྲོལ་མ་དབང་ཕྱུག་གཙོ་མོའི་ཕུར་བུས་གདབ་པོ། །​སརྦ་པྲ་མ་ནི་བྷྱཿཕཊ། རོ་ཏི་བྃ་ཀི་ལི་ཀི་ལ་ཡ་ཧཱུྃ་ཕཊ། སྐྱ་རིམས་ཀླད་པ་ན་བ་དང་། །​རྐང་ལག་འཁོལ་བའི་ནད་བྱུང་ན་འབྱུང་པོ་ནག་པོའི་གདོན་ཡིན་པས་དཔལ་ཆེན་དབང་གི་རིག་སྔགས་ཀྱིས་གཅད་དོ། །​ཤུགས་སྒྲོལ་ཆེན་མོའི་ཕུར་བུས་གདབ་པོ། །​ཛ་ལར་ཡེ་བྷྱཿཕཊ། བྲམ་ཀི་ལི་ཀི་ལ་ཡ་ཧཱུྃ་དྲཱུྃ། ལྕི་ཞིང་ནད་བྱུང་འཐིབས་པ་དང་། །​གཉིད་བྲོ་ཞིང་སེམས་ལ་མི་དྲན་པའི་ནད་བྱུང་ན་བུད་མེད་ནག་མོའི་གདོན་ཡིན་པས། རྒྱལ་བར་བྱེད་པའི་རིག་སྔགས་ཀྱིས་གཅད། །​སྦྲང་རྩིར་བྱེད་པའི་ཕུར་བུས་གདབ། །​རུ་ཏྲ་ཡ་ན་བྱི་ཤ་བྷྱཿཕཊ། ཀ་བ་ལ་ཀི་ལི་ཀི་ལ་ཡ་ཕཊ། བྱས་དགུར་ཡེ་ནས་མི་བཏུབ་ཅིང་། །​ལས་བྱས་བསམ་པ་མི་འགྲུབ་པ་ནི་དྲང་སྲོང་གཟི་ཅན་གྱི་གདོན་ཡིན་པས། ཐོད་པ་ཅན་གྱི་རིག་སྔགས་ཀྱིས་གཅད། །​དགེ་སྦྱོང་གཅེར་བུའི་ཕུར་བུས་གདབ། ཙ་ཡ་མ་མེ་བྷྱཿཕཊ། རོ་ཏི་བ་མ་ཀི་ལི་ཀི་ལ་ཡ་ཧཱུྃ་དྲཱུྃ། རྣལ་འབྱོར་སེམས་ལ་ཡེང་ཡེང་པོ་སེང་སེང་ཕྱ་ཕྱ་བྱེད་པའི་ནད་བྱུང་ན་སྲིན་མོ་ནག་མོའི་གདོན་ཡིན་པས། ཕྱག་ན་རྡོ་རྗེའི་རིག་སྔགས་ཀྱིས་གཅད། །​དབང་ལྡན་མགོན་པོའི་ཕུར་བུས་གདབ། །​རཀྵ་ཡ་ནི་བྷྱཿཕཊ། དུ་ནི་རཱཀྵ་ཀི་ལི་ཀི་ལ་ཡ་ཧཱུྃ་དྲཱུྃ། སེམས་ལ་མི་དགའ་ཕྱ་ཕྱའོ། །​རླུང་འཕྱོའི་ཐབས་སུ་ན་བ་ནི་རླུང་ལྷ་ནག་མོའི་གདོན་ཡིན་པས། མ་མོ་བདུན་གྱི་རིག་སྔགས་ཀྱིས་གཅད། སྲིང་མོ་བཞིའི་ཕུར་བུས་གདབ། །​ཧ་ས་ཡ་ནི་ར་རེ་བྷྱཿཕཊ། དུ་ཡ་ཀ་ས་ཡ་ནི་ཀི་ལི་ཀི་ལ་ཡ་ཧཱུྃ་དྲཱུྃ། ཁྲོ་བ་དང་ནི་འཚིག་པ་དང་། །​སྨྲ་འདོད་དང་ནི་འཚིག་འདྲེ་དང་། །​རྐང་ལག་བྱ་བ་ཙག་མང་པོའི་ནད་བྱུང་ན་དབང་ལྡན་ནག་པོའི་གདོན་ཡིན་པས། དབང་ལྡན་གཙོ་བོའི་རིག་སྔགས་ཀྱིས་གཅད། རིགས་ཀྱི་ཁྲོ་བོའི་ཕུར་བུས་གདབ། །​དེ་བ་ལོ་ཡཱ་བྷྱཿཕཊ། དེ་བ་ཀི་ལི་ཀི་ལ་ཡ་ཧཱུྃ་དྲཱུྃ། ནམ་ཕྱེད་གུང་ལ་གཉིད་མེད་དང་། །​ཆོ་


The English translation of this folio by 84000 Translating the words of the Buddha can be found at:
https://84000.co/translation/toh987/UT22084-101-042-289#UT22084-101-042-289