བར་དུ་གནས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​མཆོད་རྟེན་བྱེ་བ་སྟོང་ཕྲག་བརྒྱད་ཅུར་འབྱུང་། །​མི་ཡི་འདྲེན་པ་ཤིན་ཏུ་བསིལ་བ་ཡི། །​སྐྱེ་ཡུལ་ཡེ་ཤེས་རྣམ་པར་གྲགས་ཞེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​སུམ་ཅུ་རྩ་གཉིས་ཡབ་ནི་ཚངས་བཟང་ཡིན། །ཡེ་ཤེས་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ལྷ་ཡིན་བློ་གྲོས་རིམ་གྲོ་པ། །​བློ་ལྡན་སྙོམས་པ་བློ་གྲོས་ཅན་ཡིན་ཏེ། །​འཇིག་པ་མེད་པར་གྲགས་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །​དགྲ་བཅོམ་ཐམས་ཅད་ཕ་མཐར་ཕྱིན་པ་པོ། །​བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། །​མི་ཚེ་ལོ་གྲངས་དགུ་ཁྲི་བཞི་སྟོང་ཡིན། །​ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་ལྔ་པ་རྒྱལ་མཚན་མཆོག་གིས་བརྒྱན། །​འཇིག་རྟེན་མགོན་པོ་ཚངས་པ་རྒྱལ་བ་ཡི། །​སྐྱེ་བའི་ཡུལ་ནི་ལེགས་པར་སྦྱངས་ཞེས་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་བརྒྱ་ཡོད་ཡབ་ནི་དྲན་ལྡན་ཡིན། །​དགེ་བའི་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ལྟ་བྱེད་གྲགས་པ་རིམ་གྲོ་པ། །​ཡོན་ཏན་རྒྱ་མཚོ་ཞེས་བྱ་མཁས་པ་སྟེ། །​འཇིགས་པ་མེད་པར་གྲགས་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་སུམ་ཅུ་གཉིས་ཀུན་ལའང་། །​འཇིག་རྟེན་དྲི་མ་དྲི་བྲལ་དགྲ་བཅོམ་པ། །​བྱེ་བ་ཕྲག་ནི་སུམ་ཅུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། །​འགྲོ་ལ་ཕན་ཕྱིར་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་དགུ་ཁྲི་བཞི་སྟོང་བར་དུ་གནས། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་བརྒྱ་པ་གསེར་གྱི་རྣ་རྒྱན་ཅན། །​སངས་རྒྱས་ཡེ་ཤེས་དགྱེས་པ་སྐྱེ་བ་ཡི། །​ཡུལ་ནི་ཡོན་ཏན་ཀུན་གྱི་འོད་ཅེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་བརྒྱད་བརྒྱ་བརྟུལ་ཞུགས་དབང་པོ་ཡབ། །​དབང་པོའི་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་སྐར་མཁན་སྣང་བྱེད་རིམ་གྲོ་པ། །​མཐུ་རྩལ་བརྟན་པོ་ཞེས་བྱ་མཁས་པ་སྟེ། །​ཀུན་ཏུ་གཙོ་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14392#UT22084-045-001-14392