ཕྲག་ལྔ་ལྔའོ། །​སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་སུམ་སྟོང་ངོ་། །​དམ་པའི་ཆོས་ཀྱང་ལོ་སུམ་ཁྲི་སུམ་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་བློ་སྦྱངས་སྐྱེ་བའི་ཡུལ་ནི་འགྲོས་སྟབས་བཟང་པོ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་ལྔ་བརྒྱའོ། །​ཡབ་ནི་སེང་གེའི་ལོགས་ཞེས་བྱའོ། །​ཡུམ་ནི་སེང་གེའི་བློ་གྲོས་མ་ཞེས་བྱའོ། །​སྲས་ནི་འབྲུག་སྒྲའི་རྒྱལ་པོ་ཞེས་བྱའོ། །​རིམ་གྲོ་པ་ནི་སེང་གེའི་ང་རོ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྒྲིབ་པ་མེད་པའི་དབྱངས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྤྱོད་པ་ཅན་ཞེས་བྱའོ། །​དགྲ་བཅོམ་པ་འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལ་ཡང་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་བརྒྱད་དོ། །​སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་དགུ་སྟོང་ངོ་། །​དམ་པའི་ཆོས་ཀྱང་ལོ་དྲུག་ཁྲི་དགུ་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་ཆུ་ལྷ་སྐྱེ་བའི་ཡུལ་ནི་ཀླུ་དབྱངས་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བརྒྱའོ། །​ཡབ་ནི་ཀླུ་དབྱངས་ང་རོ་ཞེས་བྱའོ། །​ཡུམ་ནི་ཀླུ་དཔལ་ཞེས་བྱའོ། །​སྲས་ནི་ཀླུ་མཆོག་ཅེས་བྱའོ། །​རིམ་གྲོ་པ་ནི་འགྲོ་གཙོ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྤོབས་པ་སེམས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཇིགས་མེད་བློ་ཞེས་བྱའོ། །​འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་རྩ་དྲུག་གོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་འགྲོ་བས་མཆོད་སྐྱེ་བའི་ཡུལ་ནི་སཱ་ལའི་དབང་པོ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་གསུམ་མོ། །​ཡབ་ནི་དབང་པོའི་ང་རོ་སྒྲོགས་ཞེས་བྱའོ། །​ཡུམ་ནི་སྟོན་པ་མཐའ་ཡས་མ་ཞེས་བྱའོ། །​སྲས་ནི་དབང་པོའི་འོད་ཟེར་ཞེས་བྱའོ། །​རིམ་གྲོ་པ་ནི་དབང་པོས་བྱིན་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་རིན་པོ་ཆེའི་མཐུ་རྩལ་ཞེས་བྱའོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14293#UT22084-045-001-14293