པའི་ཆོས་ཀྱང་ལོ་དྲུག་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ལེགས་མཛད་སྐྱེ་བའི་ཡུལ་ནི་མྱ་ངན་དང་བྲལ་བ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་ཉིས་བརྒྱའོ། །​ཡབ་ནི་ལེགས་མཐོང་ཞེས་བྱའོ། །ཡུམ་ནི་ཀུན་མཐོང་མ་ཞེས་བྱའོ། །​སྲས་ནི་ཟིལ་མི་ནོན་ཞེས་བྱའོ། །​རིམ་གྲོ་པ་ནི་ཡོན་ཏན་གྱི་ཚོགས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཤེས་རབ་འོད་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་རྡོ་རྗེ་ཞེས་བྱའོ། །​དགྲ་བཅོམ་པ་འདུས་པ་ནི་ལན་དྲུག་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་སྟོང་སྟོང་ངོ་། །​སྐུ་ཚེའི་ཚད་ནི་ལོ་སྟོང་ངོ་། །​དམ་པའི་ཆོས་ཀྱང་ལོ་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་རབ་ཏུ་ཞི་བའི་སྐུ་སྐྱེ་བའི་ཡུལ་ནི་རབ་ཏུ་ཞི་དུལ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་སུམ་ཅུའོ། །​ཡབ་ནི་གླང་པོའི་མཐུ་རྩལ་ཞེས་བྱའོ། །​ཡུམ་ནི་བསོད་ནམས་འོད་ཅེས་བྱའོ། །​སྲས་ནི་དུལ་གནས་དགའ་ཞེས་བྱའོ། །​རིམ་གྲོ་པ་ནི་གནས་དག་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཚུལ་ཁྲིམས་ཡོངས་སུ་དག་པ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྤྱོད་པ་མི་གནས་པ་ཞེས་བྱའོ། །​དགྲ་བཅོམ་པ་འདུས་པ་ནི་ལན་བཅུ་གཅིག་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་ལྔ་ལྔའོ། །​སྐུ་ཚེའི་ཚད་ནི་ལོ་ཁྲི་ཉིས་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་ཁྲི་ཆིག་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ཡིད་དུ་འོང་བའི་གསུང་སྐྱེ་བའི་ཡུལ་ནི་བཀོད་པ་ཡིད་དུ་འཐད་པ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བདུན་བརྒྱའོ། །​ཡབ་ནི་སེང་གེའི་ང་རོ་ཞེས་བྱའོ། །​ཡུམ་ནི་ཆགས་མེད་བློ་ཞེས་བྱའོ། །​སྲས་ནི་འཇིགས་པ་མེད་པའི་གཟི་བརྗིད་ཅེས་བྱའོ། །​རིམ་གྲོ་པ་ནི་གྱ་ནོམ་ང་རོ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་དབང་པོ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྟོབས་ཀྱི་འཁོར་ལོ་ཞེས་བྱའོ། །​འདུས་པ་ནི་ལན་སུམ་ཅུ་རྩ་གཉིས་ཏེ། ཐམས་ཅད་ལ་ཡང་དུང་ཕྱུར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14292#UT22084-045-001-14292