རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཤེས་རབ་སྨོན་ལམ་སེམས་ཞེས་བྱའོ། །​འདུས་པ་ནི་ལན་སུམ་ཅུ་རྩ་བརྒྱད་དེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་འབུམ་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་བཞི་ཁྲིའོ། །​དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་སེང་གེའི་ལོགས་སྐྱེ་བའི་ཡུལ་ནི་གསེར་གྱི་ལོགས་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བརྒྱད་ཅུའོ། །​ཡབ་ནི་རིན་པོ་ཆེའི་རྒྱལ་མཚན་ཞེས་བྱའོ། །​ཡུམ་ནི་གཟི་བརྗིད་རིན་ཆེན་ཞེས་བྱའོ། །​སྲས་ནི་རིན་ཆེན་སྦེད་ཅེས་བྱའོ། །​རིམ་གྲོ་པ་ནི་མཛེས་སྦྱིན་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་འོད་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གྲགས་པ་མ་འདྲེས་པ་ཞེས་བྱའོ། །​འདུས་པ་ནི་ལན་སུམ་ཅུ་རྩ་དྲུག་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་འབུམ་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ནི་ལོ་སུམ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་ཆོས་ཀྱི་མཐུ་རྩལ་སྐྱེ་བའི་ཡུལ་ནི་ཡོན་ཏན་མཐུ་རྩལ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བརྒྱའོ། །​ཡབ་ནི་མཐུ་རྩལ་ཆེན་པོ་ཞེས་བྱའོ། །​ཡུམ་ནི་ཡེ་ཤེས་མཐུ་རྩལ་ཞེས་བྱའོ། །​སྲས་ནི་རིན་ཆེན་འཕགས་ཞེས་བྱའོ། །​རིམ་གྲོ་པ་ནི་སེམས་གསལ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འབྲུག་སྒྲ་སྒྲོགས་པ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་དཔལ་ཞེས་བྱའོ། །​འདུས་པ་ནི་ལན་དྲུག་ཅུ་རྩ་དྲུག་སྟེ། ཐམས་ཅད་ལ་ཡང་ས་ཡ་ཕྲག་གསུམ་གསུམ་མོ། །​སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་སུམ་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་སུམ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་བསྐལ་པ་བཟང་པོ་སྐྱེ་བའི་ཡུལ་ནི་བཀོད་པ་སྡུག་པ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་ལྔའོ། །​ཡབ་ནི་རྣམ་སྨིན་སྡུག་ཅེས་བྱའོ། །​ཡུམ་ནི་ཡོན་ཏན་འོད་ཅེས་བྱའོ། །​སྲས་ནི་ལྷ་འདོད་ཅེས་བྱའོ། །​རིམ་གྲོ་པ་ནི་འཁྲུལ་མེད་གནས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གྲགས་པའི་སྒྲོན་མ་ཞེས་བྱའོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14294#UT22084-045-001-14294