འབྲེལ་བ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་སྟོང་ངོ་། །​ཡབ་ནི་བཀོད་པའི་རྒྱལ་པོ་ཞེས་བྱའོ། །​ཡུམ་ནི་བཀོད་པ་མཐའ་ཡས་མ་ཞེས་བྱའོ། །​སྲས་ནི་བཀོད་པ་ཆེན་པོ་ཞེས་བྱའོ། །​རིམ་གྲོ་པ་ནི་ཐོས་པ་བསྩགས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་བསྩགས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ནོར་སྦྱིན་གསལ་ཞེས་བྱའོ། །​དགྲ་བཅོམ་པ་འདུས་པ་ནི་ལན་བརྒྱད་ཅུའོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ངོ་། །​དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་ཆོས་བརྩེགས་སྐྱེ་བའི་ཡུལ་ནི་བཀོད་པ་སྣ་ཚོགས་བཟང་པོ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་དགུའོ། །​ཡབ་ནི་སྤོབས་པ་མཛེས་ཞེས་བྱའོ། །​ཡུམ་ནི་གཟི་བརྗིད་བཀོད་པ་ཞེས་བྱའོ། །​སྲས་ནི་ལྟ་བ་གསལ་ཞེས་བྱའོ། །​རིམ་གྲོ་པ་ནི་སྐར་མདའ་འཆང་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་གྱི་ཚོགས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བདེན་པའི་མཐུ་རྩལ་ཞེས་བྱའོ། །​དགྲ་བཅོམ་པ་འདུས་པ་ནི་ལན་སུམ་ཅུ་རྩ་གཉིས་ཏེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་གསུམ་གསུམ་མོ། །​སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་བརྒྱད་སྟོང་ངོ་། །​དམ་པའི་ཆོས་ཀྱང་ལོ་སུམ་ཁྲི་བརྒྱད་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ཐར་པའི་གཟི་བྱིན་སྐྱེ་བའི་ཡུལ་ནི་གཟི་བྱིན་བཀོད་པ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བཅུ་བཞིའོ། །​ཡབ་ནི་གཟི་བྱིན་མཐའ་ཡས་ཞེས་བྱའོ། །​ཡུམ་ནི་བཀོད་པ་མཐའ་ཡས་མ་ཞེས་བྱའོ། །​སྲས་ནི་དགེ་བར་སེམས་ཞེས་བྱའོ། །​རིམ་གྲོ་པ་ནི་འཕགས་འདུལ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཆོས་གྲགས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་དྲི་མེད་ཅེས་བྱའོ། །​དགྲ་བཅོམ་པ་འདུས་པ་ནི་ལན་ལྔ་བཅུ་རྩ་དགུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་འབུམ་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་དྲུག་སྟོང་ངོ་། །​དམ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14291#UT22084-045-001-14291