པ་ཞེས་བྱའོ། །​འདུས་པ་ནི་ལན་བཅུ་སྟེ། ཐམས་ཅད་ལ་ཡང་ས་ཡ་ཕྲག་བརྒྱད་བརྒྱད་དོ། །​སྐུ་ཚེའི་ཚད་ནི་ལོ་ལྔ་ཁྲིའོ། །​དམ་པའི་ཆོས་ནི་ལོ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་སའི་བདག་པོ་སྐྱེ་བའི་ཡུལ་ནི་ཤེས་རབ་འཕགས་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་སྟོང་ངོ་། །​ཡབ་ནི་དབང་སྒྱུར་ཞེས་བྱའོ། །​ཡུམ་ནི་ཟིལ་གྱིས་མི་ནོན་པ་ཞེས་བྱའོ། །​སྲས་ནི་གྲགས་མཛེས་ཞེས་བྱའོ། །​རིམ་གྲོ་པ་ནི་སྐྱེ་བོའི་མཆོད་རྟེན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་དཔའ་བོ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་གྱིས་རབ་ཏུ་འགྲོ་བ་ཞེས་བྱའོ། །​འདུས་པ་ནི་ལན་བཅུ་བཞི་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་སྟོང་སྟོང་ངོ་། །​སྐུ་ཚེའི་ཚད་ནི་ལོ་བཞི་ཁྲིའོ། །​དམ་པའི་ཆོས་ནི་ལོ་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་རྣམ་གྲོལ་བརྙེས་སྐྱེ་བའི་ཡུལ་ནི་ཟིལ་གྱིས་མི་ནོན་པ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་སུམ་སྟོང་ངོ་། །​ཡབ་ནི་ནམ་མཁའི་མཛོད་ཅེས་བྱའོ། །​ཡུམ་ནི་མཆོད་པ་བཀོད་པ་ཞེས་བྱའོ། །​སྲས་ནི་ནོར་བུ་བཀོད་པ་ཞེས་བྱའོ། །​རིམ་གྲོ་པ་ནི་སྟོན་པར་དགའ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བདེན་པའི་དབྱངས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དབང་ཕྱུག་ཆེན་པོའི་དབྱངས་ཞེས་བྱའོ། །​འདུས་པ་ནི་ལན་སུམ་ཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་ཉི་ཁྲི་ཉི་ཁྲིའོ། །​སྐུ་ཚེའི་ཚད་ནི་ལོ་སུམ་ཁྲིའོ། །​དམ་པའི་ཆོས་ནི་ལོ་དྲུག་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་གཙུག་གི་གསེར་སྐྱེ་བའི་ཡུལ་ནི་དྲན་པའི་གཙུག་ཅེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་ལྔ་སྟོང་ངོ་། །​ཡབ་ནི་གཟི་བརྗིད་རིན་པོ་ཆེ་ཞེས་བྱའོ། །​ཡུམ་ནི་སྔགས་འདོད་མ་ཞེས་བྱའོ། །​སྲས་ནི་རྒྱལ་བུ་ཞེས་བྱའོ། །​རིམ་གྲོ་པ་ནི་བློ་སྙོམས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཐོགས་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14282#UT22084-045-001-14282