གདུང་དག་ནི་རྒྱས་འགྱུར་ལ། །​སྟོང་གསུམ་ལྷ་མི་དག་གིས་གང་བར་འགྱུར། །​དེ་བཞིན་གཤེགས་པ་སྒྲོན་མའི་རྒྱལ་པོ་སྐྱེ་བའི་ཡུལ་ནི་བཟང་ལྡན་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་སུམ་སྟོང་ངོ་། །​ཡབ་ནི་འོད་ཀྱི་ཕུང་པོ་ཆེན་པོ་ཞེས་བྱའོ། །​ཡུམ་ནི་གཟི་བརྗིད་ཕུང་པོའི་འོད་ཅེས་བྱའོ། །​སྲས་ནི་ངན་སོང་སྤོང་ཞེས་བྱའོ། །​རིམ་གྲོ་པ་ནི་བློ་གྲོས་མཐའ་ཡས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བློ་གྲོས་དོན་ཡོད་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རིན་པོ་ཆེའི་ཏོག་ཅེས་བྱའོ། །འདུས་པ་ནི་ལན་བཅུ་དྲུག་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་འབུམ་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ཡེ་ཤེས་བརྩེགས་སྐྱེ་བའི་ཡུལ་ནི་འོད་ལྡན་མ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་སྟོང་ངོ་། །​ཡབ་ནི་ཡེ་ཤེས་མཆོག་ཅེས་བྱའོ། །​ཡུམ་ནི་གྲགས་པའི་འོད་ཅེས་བྱའོ། །​སྲས་ནི་མཐུ་རྩལ་རིན་པོ་ཆེ་ཞེས་བྱའོ། །​རིམ་གྲོ་པ་ནི་བློ་གནས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་བརྩེགས་པ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འོད་ཀྱི་ཕུང་པོ་ཆེན་པོ་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་བརྒྱད་དོ། །​གཉིས་པ་ལ་ནི་དུང་ཕྱུར་ཕྲག་དགུའོ། །​གསུམ་པ་ལ་ནི་ཐེར་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲིའོ། །​དམ་པའི་ཆོས་ནི་ལོ་སུམ་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་ལྷ་མཆོག་སྐྱེ་བའི་ཡུལ་ནི་ཡན་ལག་མཆོག་ཅེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བཅུ་གཉིས་སོ། །ཡབ་ནི་ཆོས་ལྡན་ཞེས་བྱའོ། །​ཡུམ་ནི་བདེ་ལྡན་མ་ཞེས་བྱའོ། །​སྲས་ནི་ཡན་ལག་མཆོག་ཅེས་བྱའོ། །​རིམ་གྲོ་པ་ནི་ཡན་ལག་རྒྱལ་པོ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལུས་པ་མེད་པའི་བློ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཤེས་རབ་སྒྲིབ་པ་མེད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14281#UT22084-045-001-14281