མེད་པའི་བློ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཀུན་དུ་ཡོན་ཏན་ཞེས་བྱའོ། །​འདུས་པ་ནི་ལན་བཅུ་བདུན་ཏེ། ཐམས་ཅད་ལ་ཡང་ཁྲི་ཕྲག་རེ་རེའོ། །​སྐུ་ཚེའི་ཚད་ནི་ལོ་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་སྒྲ་གཅན་བཟང་པོ་སྐྱེ་བའི་ཡུལ་ནི་གཟི་བརྗིད་མཐའ་ཡས་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་དྲུག་གོ། །​ཡབ་ནི་རྙོག་པ་མེད་པའི་འོད་ཅེས་བྱའོ། །​ཡུམ་ནི་དབྱིག་འགྲོ་མ་ཞེས་བྱའོ། །​སྲས་ནི་བློ་གྲོས་གསལ་བ་ཞེས་བྱའོ། །​རིམ་གྲོ་པ་ནི་ཕྱོགས་མཆོད་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐའ་ཡས་བློ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལུས་དག་ཅེས་བྱའོ། །​འདུས་པ་ནི་ལན་དྲུག་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་སྟོང་སྟོང་ངོ་། །​སྐུ་ཚེའི་ཚད་ནི་ལོ་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་ཐུབ་དཀའ་སྐྱེ་བའི་ཡུལ་ནི་རྒྱལ་བའི་འོད་ཅེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བདུན་བརྒྱའོ། །​ཡབ་ནི་འཕགས་འདུལ་ཞེས་བྱའོ། །​ཡུམ་ནི་ལྷའི་མེ་ཏོག་ཅེས་བྱའོ། །​སྲས་ནི་ལྷའི་འོད་ཅེས་བྱའོ། །​རིམ་གྲོ་པ་ནི་བྱང་ཆུབ་རེག་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དགེ་དབྱངས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡིད་འོང་དབྱངས་ཞེས་བྱའོ། །​འདུས་པ་ནི་ལན་བརྒྱད་དེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་རེ་རེའོ། །​སྐུ་ཚེའི་ཚད་ནི་ལོ་དགུ་སྟོང་ངོ་། །​དམ་པའི་ཆོས་ཀྱང་ལོ་དགུ་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་ཐུབ་གསལ་སྐྱེ་བའི་ཡུལ་ནི་རབ་ཏུ་ཞི་བའི་སྟོབས་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་སྟོང་ངོ་། །​ཡབ་ནི་དབང་པོ་དུལ་ཞེས་བྱའོ། །​ཡུམ་ནི་མཆོད་རྟེན་ཆུང་ཞེས་བྱའོ། །​སྲས་ནི་འགྲོས་བརྟན་ཞེས་བྱའོ། །​རིམ་གྲོ་པ་ནི་སྒྲིབ་པ་མེད་པའི་འགྲོས་ཞེས་བྱའོ། །​ཤེས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14283#UT22084-045-001-14283