བྱེ་བ་ཕྲག་ནི་ཉི་ཤུ་གསུམ་གསུམ་ཡོད། །​མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟོང་ཡིན། །​ཞི་བར་བྱིན་པའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་དགུ་ཁྲིའི་བར་དུ་གནས་པར་འགྱུར། །​འཇིག་རྟེན་མཁྱེན་པ་མྱ་ངན་འདས་པ་ཡི། །​སྐུ་གདུང་མཆོད་རྟེན་དཔག་ཚད་ལྔ་པ་གཅིག །​དེ་བཞིན་གཤེགས་པ་ཡེ་ཤེས་མཐུ་རྩལ་གྱི། །​སྐྱེ་བའི་ཡུལ་ནི་ཡེ་ཤེས་ལྟ་ཞེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​དགུ་བཅུ་རྩ་གཅིག་ཤེས་ལྡན་བཟང་པོ་ཡབ། །​ཤེས་མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ཤེས་ལྡན་ཤེས་ཆེན་རིམ་གྲོ་པ། །​ཤེས་པའི་ཟླ་བ་ཞེས་བྱ་མཁས་པ་སྟེ། །​བློ་ཡི་མར་མེ་མཁན་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བཅུ་སྟེ་ཀུན་ལ་ཡང་། །​གསེར་དང་བོང་བར་མཚུངས་པར་མཐོང་བ་པོ། །​བྱེ་བ་ཕྲག་ནི་ཁྲི་ཕྲག་གསུམ་གསུམ་ཡོད། །​མི་ཚེ་ལོ་གྲངས་བདུན་ཁྲི་བརྒྱད་སྟོང་ཡིན། །​ཞི་བར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་བདུན་ཁྲི་བཞི་སྟོང་བར་དུ་གནས། །​ཞི་བར་ཕྱིན་པའི་མཆོད་རྟེན་གྲངས་དག་ནི། །​བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་བརྒྱད་འབྱུང་། །​འཇིག་རྟེན་མགོན་པོ་འོད་འཕྲོ་ཅན་སྐྱེ་བའི། །​ཡུལ་ནི་གཟི་ལྡན་ལེགས་པར་མཆོད་ཅེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །​ཉི་ཤུ་རྩ་གཉིས་ཡབ་ནི་གསལ་བ་ཡིན། །​རྡོ་རྗེའི་འོད་ནི་རྒྱལ་ཡུམ་སྲས་པོ་ནི། །​འོད་འཕྲོ་འོད་འཕྲོ་བཟང་པོ་རིམ་གྲོ་པ། །​ཡོན་ཏན་འོད་འཕྲོ་ཅན་ནི་མཁས་པ་སྟེ། །​རྣམ་པར་གྲོལ་བའི་སྒྲོན་མ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །དགྲ་བཅོམ་མི་སློབ་ཉོན་མོངས་བསྲེགས་པ་པོ། །​ཐེར་འབུམ་ཐེར་འབུམ་དག་ནི་འདུས་པར་འགྱུར། །​མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །​མྱ་ངན་འདས་ནས་དེ་ཡི་དམ་ཆོས་དག །​ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​ཡིད་དུ་འོང་བའི་གདུགས་སྟོང་སྙེད་ཀྱིས་བརྒྱན། །​སེམས་ཅན་སྙིང་པོ་དབང་པོ་སྐྱེ་བ་ཡི། །​ཡུལ་ནི་དབང་པོའི་ཏོག་དང་ལྡན་ཞེས་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་བརྒྱ་ཡོད་རྒྱལ་མཚན་དབང་པོ་ཡབ། །​རིན་ཆེན་མཆོག་མ་ཞེས་བྱ་རྒྱལ་བའི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14274#UT22084-045-001-14274