བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་གཅིག་གོ། །​ཡབ་ནི་ཡེ་ཤེས་བཟང་པོ་ཞེས་བྱའོ། །​ཡུམ་ནི་དཔལ་བྱིན་མ་ཞེས་བྱའོ། །​སྲས་ནི་མྱ་ངན་མེད་ལྷ་ཞེས་བྱའོ། །​རིམ་གྲོ་པ་ནི་མཆོད་པའི་རྒྱན་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དམིགས་མེད་མཆོག་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཟླ་བའི་དཔལ་ཞེས་བྱའོ། །​འདུས་པ་ནི་ལན་ཅིག་སྟེ་དགྲ་བཅོམ་པ་བརྒྱད་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་སུམ་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་བཟང་སྐྱོང་སྐྱེ་བའི་ཡུལ་ནི་དགའ་བ་རབ་སྦྱིན་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བཅུའོ། །​ཡབ་ནི་རིན་ཆེན་སྐར་རྒྱལ་ཞེས་བྱའོ། །​ཡུམ་ནི་བསོད་ནམས་ཅན་ཞེས་བྱའོ། །སྲས་ནི་སྟག་སྦྱིན་ཞེས་བྱའོ། །​རིམ་གྲོ་པ་ནི་རི་མཆོག་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་ཁྱབ་བདག་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་གྲོས་རྒྱ་མཚོ་ཞེས་བྱའོ། །​འདུས་པ་ནི་ལན་ཅིག་སྟེ། དགྲ་བཅོམ་པ་དབང་ཐོབ་པ་ཐེར་འབུམ་ཕྲག་གཅིག་དང་དུང་ཕྱུར་ཕྲག་བརྒྱད་དོ། །​སྐུ་ཚེའི་ཚད་ནི་ལོ་ཉིས་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་ཉི་ཁྲི་ཆིག་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་དགའ་བོ་སྐྱེ་བའི་ཡུལ་ནི་འབྱོར་ལྡན་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བཞི་བཅུའོ། །​ཡབ་ནི་ཚངས་ལྷ་ཞེས་བྱའོ། །​ཡུམ་ནི་དཔལ་རྒྱལ་ཞེས་བྱའོ། །​སྲས་ནི་གཟི་བརྗིད་ཆེན་པོ་ཞེས་བྱའོ། །​རིམ་གྲོ་པ་ནི་བདེ་སྟོབས་འགྲོ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བསོད་ནམས་ལག་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དགའ་བའི་མིག་ཅེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་བདུན་དང་བྱེ་བ་ཕྲག་གསུམ་མོ། །​གཉིས་པ་ལ་ནི་དུང་ཕྱུར་ཕྲག་བདུན་དང་བྱེ་བ་ཕྲག་གཉིས་སོ། །​གསུམ་པ་ལ་ནི་དུང་ཕྱུར་ཕྲག་བདུན་དང་བྱེ་བ་ཕྲག་གཅིག་གོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ངོ་། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14081#UT22084-045-001-14081