པ་ཀའི་མཆོག་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལྷ་མི་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་བརྒྱད་ཁྲིའོ། །​གཉིས་པ་ལ་ནི་བདུན་ཁྲི་བརྒྱད་སྟོང་ངོ་། །​གསུམ་པ་ལ་ནི་བདུན་ཁྲི་ལྔ་སྟོང་ངོ་། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་དྲུག་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་བརྟན་པར་གཤེགས་སྐྱེ་བའི་ཡུལ་ནི་བཟང་པོའི་མཆོག་ཅེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་ལྔ་བརྒྱའོ། །​ཡབ་ནི་སེང་གེའི་མཆེ་བ་ཞེས་བྱའོ། །​ཡུམ་ནི་སྡོང་བུ་བྱིན་ཞེས་བྱའོ། །​སྲས་ནི་ཆོས་སྒྲོགས་ཞེས་བྱའོ། །​རིམ་གྲོ་པ་ནི་ལེགས་སྤྲུལ་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་བྱིན་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཟླས་བྱིན་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་དགྲ་བཅོམ་པ་ཐེར་འབུམ་མོ། །​གཉིས་པ་ལ་ནི་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་དགུའོ། །​གསུམ་པ་ལ་ནི་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་བརྒྱད་དོ། །​སྐུ་ཚེའི་ཚད་ནི་ལོ་ཐེར་འབུམ་མོ། །​དམ་པའི་ཆོས་ནི་ལོ་བྱེ་བ་ཕྲག་བརྒྱ་ལྔ་བཅུའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་དོན་ཡོད་མཐོང་སྐྱེ་བའི་ཡུལ་ནི་གསལ་བ་ཅན་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་འདོམ་གང་ངོ་། །​ཡབ་ནི་དགེ་བས་བྱིན་ཞེས་བྱའོ། །​ཡུམ་ནི་སྦྲང་རྩིའི་མིག་ཅེས་བྱའོ། །​སྲས་ནི་སྐར་མདོག་ཅེས་བྱའོ། །​རིམ་གྲོ་པ་ནི་འཛམ་བུའི་ཆུ་ཀླུང་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བཤེས་གཉེན་སྙིང་པོ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དྲང་སྲོང་བྱིན་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་དྲུག་གོ། །​གཉིས་པ་ལ་ནི་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་བརྒྱད་དོ། །​གསུམ་པ་ལ་ནི་ཐེར་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱའོ། །​དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་བརྩོན་འགྲུས་སྦྱིན་སྐྱེ་བའི་ཡུལ་ནི་ཙམ་པ་ཞེས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14080#UT22084-045-001-14080