དམ་པའི་ཆོས་ནི་ལོ་དགུ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་འཆི་མེད་སྐྱེ་བའི་ཡུལ་ནི་རྫུ་འཕྲུལ་གཟི་བརྗིད་ཅེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བདུན་ཅུའོ། །​ཡབ་ནི་སྨན་པའི་རྒྱལ་པོ་ཞེས་བྱའོ། །ཡུམ་ནི་རྒྱུ་སྐར་དཔལ་ཞེས་བྱའོ། །​སྲས་ནི་མེ་ཏོག་ལྷ་ཞེས་བྱའོ། །​རིམ་གྲོ་པ་ནི་མི་ཕམ་སྟོབས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གྲགས་པ་མཐའ་ཡས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་དཔའ་བོ་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་དྲུག་གོ། །​གཉིས་པ་ལ་ནི་དུང་ཕྱུར་ཕྲག་ལྔ་དང་བྱེ་བ་ཕྲག་བརྒྱད་དོ། །​གསུམ་པ་ལ་ནི་དུང་ཕྱུར་ཕྲག་ལྔ་དང་བྱེ་བ་ཕྲག་བདུན་ནོ། །​སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་ཆིག་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་དགུ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་སེང་གེའི་རྒྱལ་མཚན་སྐྱེ་བའི་ཡུལ་ནི་མདངས་ཐོབ་ཅེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་དགུ་བཅུའོ། །​ཡབ་ནི་ཆོས་ཀྱི་རྒྱལ་མཚན་ཞེས་བྱའོ། །​ཡུམ་ནི་བསོད་ནམས་བཤེས་གཉེན་ཞེས་བྱའོ། །​སྲས་ནི་ཕྱུག་སྦྱིན་ཞེས་བྱའོ། །​རིམ་གྲོ་པ་ནི་མཆོད་པ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྦྱོར་བས་བྱིན་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བརྟུལ་ཞུགས་མཛེས་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་གཉིས་དང་བྱེ་བ་ཕྲག་གཉིས་སོ། །​གཉིས་པ་ལ་ནི་དུང་ཕྱུར་ཕྲག་གཉིས་དང་བྱེ་བ་ཕྲག་གཅིག་གོ། །​གསུམ་པ་ལ་ནི་དུང་ཕྱུར་ཕྲག་གཉིས་སོ། །​སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་བརྒྱད་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་རྒྱལ་བ་སྐྱེ་བའི་ཡུལ་ནི་རིན་པོ་ཆེ་སྤྱོད་པ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བཅུའོ། །​ཡབ་ནི་ཉི་མའི་གཟི་བརྗིད་ཅེས་བྱའོ། །​ཡུམ་ནི་མེ་ཏོག་མིག་ཅེས་བྱའོ། །​སྲས་ནི་བདེན་དགའ་ཞེས་བྱའོ། །​རིམ་གྲོ་པ་ནི་ཆོས་ཅན་ཞེས་བྱའོ། །​ཤེས་རབ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14082#UT22084-045-001-14082