སྐུ་ཚེའི་ཚད་ནི་ལོ་ལྔ་འབུམ་མོ། །​དམ་པའི་ཆོས་ནི་ལོ་ཉི་ཁྲི་ཆིག་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་ཚངས་པ་སྐྱེ་བའི་ཡུལ་ནི་གསེར་མདོག་ཅན་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་གསུམ་མོ། །​ཡབ་ནི་མྱ་ངན་མེད་དགའ་ཞེས་བྱའོ། །​ཡུམ་ནི་ཙན་དན་ཅན་ཞེས་བྱའོ། །​སྲས་ནི་རྒྱལ་བའི་སྡེ་ཞེས་བྱའོ། །​རིམ་གྲོ་པ་ནི་དགྲ་འདུལ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལྷ་བདག་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཙུག་གི་རྡོ་རྗེ་ཞེས་བྱའོ། །​འདུས་པ་ནི་ལན་ཅིག་ཏུ་ཟད་དེ་དགྲ་བཅོམ་པ་བྱེ་བ་ཕྲག་བརྒྱད་དོ། །​སྐུ་ཚེའི་ཚད་ནི་ལོ་ཁྲི་ཉིས་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་འོད་དཔག་མེད་སྐྱེ་བའི་ཡུལ་ནི་ཉམས་དགའ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བདུན་ཅུ་རྩ་དྲུག་གོ། །​ཡབ་ནི་དབྱངས་ཀྱི་དབང་ཕྱུག་འོད་ཅེས་བྱའོ། །​ཡུམ་ནི་ཟླ་འོད་ཅེས་བྱའོ། །​སྲས་ནི་དགའ་ལྡན་ཞེས་བྱའོ། །​རིམ་གྲོ་པ་ནི་དགའ་སྡེ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དག་པའི་དབང་ཕྱུག་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གློག་འོད་ཅེས་བྱའོ། །​འདུས་པ་དང་པོ་ལ་ནི་དགྲ་བཅོམ་པ་ཐེར་འབུམ་ཕྲག་གཉིས་སོ། །​གཉིས་པ་ལ་ནི་ཐེར་འབུམ་ཕྲག་བཞིའོ། །​གསུམ་པ་ལ་ནི་ཐེར་འབུམ་ཕྲག་དྲུག་གོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ཀླུས་སྦྱིན་སྐྱེ་བའི་ཡུལ་ནི་རིན་པོ་ཆེ་སྣ་ཚོགས་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་ཕྱེད་དོ། །​ཡབ་ནི་རྒྱལ་བས་འཛིན་ཅེས་བྱའོ། །​ཡུམ་ནི་མཆོག་ལྡན་མ་ཞེས་བྱའོ། །​སྲས་ནི་བསོད་ནམས་སྟོབས་ཞེས་བྱའོ། །​རིམ་གྲོ་པ་ནི་རིན་ཆེན་སྒྲོན་མ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཙམ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14079#UT22084-045-001-14079