བཟང་པོ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བདུན་ཅུ་རྩ་བརྒྱད་དོ། །​ཡབ་ནི་སྡུག་མཐོང་ཞེས་བྱའོ། །​ཡུམ་ནི་རྒྱུ་སྐར་ལྡན་ཞེས་བྱའོ། །​སྲས་ནི་ཆོས་བརྟན་ཞེས་བྱའོ། །​རིམ་གྲོ་པ་ནི་བྱང་ཆུབ་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དོན་གྱི་བློ་གྲོས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཟླ་བའི་རྒྱལ་མཚན་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་དགྲ་བཅོམ་པ་དུང་ཕྱུར་ཕྲག་གསུམ་མོ། །​གཉིས་པ་ལ་ནི་དུང་ཕྱུར་ཕྲག་གསུམ་དང་བྱེ་བ་ཕྲག་གཉིས་སོ། །​གསུམ་པ་ལ་ནི་དུང་ཕྱུར་ཕྲག་གསུམ་དང་བྱེ་བ་ཕྲག་གཉིས་སོ། །​སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་ཉིས་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་ལྔ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ཡེ་ཤེས་དགྱེས་སྐྱེ་བའི་ཡུལ་ནི་ནོར་མཆོག་ཅེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བརྒྱད་དོ། །​ཡབ་ནི་དགེ་བ་ཞེས་བྱའོ། །​ཡུམ་ནི་དཔལ་བཟང་མོ་ཞེས་བྱའོ། །​སྲས་ནི་ལྷས་སྦེད་ཅེས་བྱའོ། །​རིམ་གྲོ་པ་ནི་ཕན་འདོད་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཟླ་གདུགས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཙམ་པ་ཀ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་དགྲ་བཅོམ་པ་ཐེར་འབུམ་ཕྲག་དགུའོ། །​གཉིས་པ་ལ་ནི་ཐེར་འབུམ་ཕྲག་བརྒྱད་དོ། །​གསུམ་པ་ལ་ནི་ཐེར་འབུམ་ཕྲག་བདུན་ནོ། །​སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །​དམ་པའི་ཆོས་ནི་ལོ་ལྔ་ཁྲི་བདུན་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་གཟི་ཆེན་སྐྱེ་བའི་ཡུལ་ནི་མཆོད་སྦྱིན་འབྱོར་ལྡན་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་ལྔའོ། །​ཡབ་ནི་རིན་པོ་ཆེའི་མཛོད་ཅེས་བྱའོ། །​ཡུམ་ནི་གཟི་ལྡན་མ་ཞེས་བྱའོ། །​སྲས་ནི་འོད་ཟེར་བླ་མ་ཞེས་བྱའོ། །​རིམ་གྲོ་པ་ནི་ལག་བཟངས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མེ་འོད་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་པད་མའི་སྙིང་པོ་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་དགྲ་བཅོམ་པ་བདུན་ཁྲིའོ། །​གཉིས་པ་ལ་ནི་བདུན་ཁྲི་ལྔ་སྟོང་ངོ་། །​གསུམ་པ་ལ་ནི་བརྒྱད་ཁྲིའོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14078#UT22084-045-001-14078