བརྟན་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་བཞིའོ། །​གཉིས་པ་ལ་ནི་དུང་ཕྱུར་ཕྲག་གསུམ་དང་བྱེ་བ་ཕྲག་བརྒྱད་དོ། །​གསུམ་པ་ལ་ནི་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་དྲུག་གོ། །​སྐུ་ཚེའི་ཚད་ནི་ལོ་ཁྲི་བརྒྱད་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་པད་མའི་སྤྱན་སྐྱེ་བའི་ཡུལ་ནི་ཡུལ་འཁོར་མེ་ཏོག་ཅེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་སུམ་ཅུ་རྩ་གཉིས་སོ། །​ཡབ་ནི་མེ་ཏོག་བླ་མ་ཞེས་བྱའོ། །​ཡུམ་ནི་གཟུགས་ལྡན་མ་ཞེས་བྱའོ། །​སྲས་ནི་ལྷ་དགའ་ཞེས་བྱའོ། །​རིམ་གྲོ་པ་ནི་མྱ་ངན་མེད་པའི་མེ་ཏོག་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཤེས་རབ་འོད་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཚོགས་ཅན་བྱིན་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་དགྲ་བཅོམ་པ་དུང་ཕྱུར་ཕྲག་བདུན་ནོ། །​གཉིས་པ་ལ་ནི་དུང་ཕྱུར་ཕྲག་གསུམ་དང་བྱེ་བ་ཕྲག་ལྔའོ། །​གསུམ་པ་ལ་ནི་དུང་ཕྱུར་ཕྲག་བཞིའོ། །​སྐུ་ཚེའི་ཚད་ནི་ལོ་ཁྲི་བརྒྱད་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་ལྔ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་སྟོབས་སྡེ་སྐྱེ་བའི་ཡུལ་ནི་བཟང་མཆོག་ཅེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་དྲུག་གོ། །​ཡབ་ནི་སྟོབས་ལྷ་ཞེས་བྱའོ། །​ཡུམ་ནི་བདེ་སྦྱིན་མ་ཞེས་བྱའོ། །​སྲས་ནི་བསོད་ནམས་འོད་ཟེར་ཞེས་བྱའོ། །​རིམ་གྲོ་པ་ནི་ཆོས་སྲུང་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རྒྱལ་བའི་རྒྱལ་པོ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཤིན་ཏུ་བདེ་བ་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་དགྲ་བཅོམ་པ་དྲུག་ཁྲིའོ། །​གཉིས་པ་ལ་ནི་ལྔ་ཁྲི་བརྒྱད་སྟོང་ངོ་། །​གསུམ་པ་ལ་ནི་ལྔ་ཁྲི་བདུན་སྟོང་ངོ་། །​སྐུ་ཚེའི་ཚད་ནི་ལོ་ཁྲི་དྲུག་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་བརྒྱད་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་མེ་ཏོག་འོད་ཟེར་སྐྱེ་བའི་ཡུལ་ནི་ཟླ་བ་མེ་ཏོག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14077#UT22084-045-001-14077