པ་ལ་ནི་ཐེར་འབུམ་ཕྲག་གཉིས་སོ། །​སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །​དམ་པའི་ཆོས་ནི་ལོ་སུམ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་སྡོམ་པ་ཅན་སྐྱེ་བའི་ཡུལ་ནི་ཙན་དན་ཅན་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱད་ཅུའོ། །​ཡབ་ནི་མེ་ཏོག་ཅེས་བྱའོ། །​ཡུམ་ནི་གློག་འོད་མ་ཞེས་བྱའོ། །​སྲས་ནི་རིན་ཆེན་ཕུང་པོ་ཞེས་བྱའོ། །​རིམ་གྲོ་པ་ནི་རིན་ཆེན་སེམས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཇིགས་མེད་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རི་རྒྱལ་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་དགྲ་བཅོམ་པ་བདུན་འབུམ་མོ། །​གཉིས་པ་ལ་ནི་དྲུག་འབུམ་མོ། །​གསུམ་པ་ལ་ནི་ལྔ་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །​དམ་པའི་ཆོས་ནི་ལོ་བྱེ་བ་ཕྲག་གཉིས་ཀྱི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་མི་བསྙེངས་པ་སྐྱེ་བའི་ཡུལ་ནི་དགྲ་འཇོམས་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་དགུ་བཅུའོ། །​ཡབ་ནི་འོད་སྦྱིན་ཞེས་བྱའོ། །​ཡུམ་ནི་ཟླ་ལྡན་མ་ཞེས་བྱའོ། །​སྲས་ནི་ཟླ་བའི་བླ་མ་ཞེས་བྱའོ། །​རིམ་གྲོ་པ་ནི་ཟླ་བ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཚོགས་ཅན་རྒྱལ་པོ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལྷས་བྱིན་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་དགྲ་བཅོམ་པ་བརྒྱད་འབུམ་མོ། །​གཉིས་པ་ལ་ནི་བདུན་འབུམ་བརྒྱད་ཁྲིའོ། །​གསུམ་པ་ལ་ནི་བདུན་འབུམ་དྲུག་ཁྲིའོ། །​སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །​དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་རིན་ཆེན་སྐྱེ་བའི་ཡུལ་ནི་མཚམས་བརྟན་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་འབུམ་མོ། །​ཡབ་ནི་དྲང་སྲོང་བྱིན་ཞེས་བྱའོ། །​ཡུམ་ནི་བསོད་ནམས་བྱིན་ཞེས་བྱའོ། །​སྲས་ནི་སྨན་གྱི་མེ་ཏོག་ཅེས་བྱའོ། །​རིམ་གྲོ་པ་ནི་བརྩོན་འགྲུས་བྱིན་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཐུབ་མེད་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14076#UT22084-045-001-14076