ནི་འོད་ཟེར་ཅན་ཞེས་བྱའོ། །​ཡུམ་ནི་རིན་ཆེན་བྱིན་ཞེས་བྱའོ། །​སྲས་ནི་ཡོན་ཏན་རིན་པོ་ཆེ་ཞེས་བྱའོ། །​རིམ་གྲོ་པ་ནི་མེ་ཏོག་ཟླ་བ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རྣམ་པར་གྲགས་པའི་སྒྲ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་བྱེ་བ་འབུམ་ཕྲག་ལྔ་བཅུའོ། །​གཉིས་པ་ལ་ནི་བྱེ་བ་འབུམ་ཕྲག་བཞི་བཅུའོ། །​གསུམ་པ་ལ་ནི་བྱེ་བ་འབུམ་ཕྲག་སུམ་ཅུའོ། །​སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་ལྔའོ། །​དམ་པའི་ཆོས་ནི་ལོ་ཐེར་འབུམ་ཕྲག་བདུན་གྱི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ལྷུན་ཆེན་སྐྱེ་བའི་ཡུལ་ནི་རིན་པོ་ཆེ་བཀོད་པ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བརྒྱད་ཅུའོ། །​ཡབ་ནི་ཟླ་བའི་གཟི་བརྗིད་ཅེས་བྱའོ། །​ཡུམ་ནི་ཉི་མས་བྱིན་ཞེས་བྱའོ། །​སྲས་ནི་ཟླ་གདུགས་ཞེས་བྱའོ། །​རིམ་གྲོ་པ་ནི་རིན་ཆེན་མཆོག་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བློ་བཟངས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྒྱལ་དགའ་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་དགྲ་བཅོམ་པ་དུང་ཕྱུར་ཕྲག་བདུན་ནོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་བརྒྱད་དོ། །​གསུམ་པ་ལ་ནི་དུང་ཕྱུར་ཕྲག་དགུའོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་སུམ་ཁྲི་ཉིས་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་རྡོ་རྗེ་སྐྱེ་བའི་ཡུལ་ནི་ཤིན་ཏུ་རྣམ་པར་ཕྱེ་བའི་གཟི་བརྗིད་ཅེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བཅུ་དྲུག་གོ། །​ཡབ་ནི་ནོར་བུའི་འོད་ཅེས་བྱའོ། །​ཡུམ་ནི་ཨུད་པ་ལའི་མིག་ཅེས་བྱའོ། །​སྲས་ནི་འཚོ་བྱེད་ཅེས་བྱའོ། །​རིམ་གྲོ་པ་ནི་རྒྱ་མཚོ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དྲག་ཤུལ་སྦྱིན་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གྲོགས་མཆོག་ཅེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་དགྲ་བཅོམ་པ་ཐེར་འབུམ་ཕྲག་བཞིའོ། །​གཉིས་པ་ལ་ནི་ཐེར་འབུམ་ཕྲག་གསུམ་མོ། །​གསུམ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14075#UT22084-045-001-14075