ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །​རྒྱུན་ཏུ་ཞུགས་པའི་འབྲས་བུ་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །​ཕྱིར་མྱི་འོང་བའི་འབྲས་བུ་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །​དགྲ་བཅོམ་པ་ཉིད་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །​རང་བྱང་ཆུབ་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །​བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །​སེམས་ཅན་དངོས་པོ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མ་མཆིས་པར་བལྟའོ། །​གཟུགས་དངོས་པོ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མ་མཆིས་པར་བལྟའོ། །​ཚོར་བ་དངོས་པོ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མ་མཆིས་པར་བལྟའོ། །​འདུ་ཤེས་དངོས་པོ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མ་མཆིས་པར་བལྟའོ། །​འདུ་བྱེད་དངོས་པོ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མ་མཆིས་པར་བལྟའོ། །​རྣམ་པར་ཤེས་པ་དངོས་པོ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མ་མཆིས་པར་བལྟའོ། །​མྱིག་དངོས་པོ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མ་མཆིས་པར་བལྟའོ། །​རྣ་བ་དངོས་པོ་མ་མཆིས་པའི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97550#UT22084-014-001-97550