སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མ་མཆིས་པར་བལྟའོ། །​སྣ་དངོས་པོ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མ་མཆིས་པར་བལྟའོ། །​ལྕེ་དངོས་པོ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མ་མཆིས་པར་བལྟའོ། །​ལུས་དངོས་པོ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མ་མཆིས་པར་བལྟའོ། །​ཡིད་དངོས་པོ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མ་མཆིས་པར་བལྟའོ། གཟུགས་དངོས་པོ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མ་མཆིས་པར་བལྟའོ། །​སྒྲ་དངོས་པོ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མ་མཆིས་པར་བལྟའོ། དྲི་དངོས་པོ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མ་མཆིས་པར་བལྟའོ། །​རོ་དངོས་པོ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མ་མཆིས་པར་བལྟའོ། །​རེག་དངོས་པོ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མ་མཆིས་པར་བལྟའོ། །​ཆོས་དངོས་པོ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མ་མཆིས་པར་བལྟའོ། །​མྱིག་གི་རྣམ་པར་ཤེས་པ་དངོས་པོ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མ་མཆིས་པར་བལྟའོ། །​རྣ་བའི་རྣམ་པར་ཤེས་པ་དངོས་པོ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མ་མཆིས་པར་བལྟའོ། །​སྣའི་རྣམ་པར་ཤེས་པ་དངོས་པོ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མ་མཆིས་པར་བལྟའོ། །​ལྕེའི་རྣམ་པར་ཤེས་པ་དངོས་པོ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མ་མཆིས་པར་བལྟའོ། །​ལུས་ཀྱི་རྣམ་པར་ཤེས་པ་དངོས་པོ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མ་མཆིས་པར་བལྟའོ། །​ཡིད་ཀྱི་རྣམ་པར་ཤེས་པ་དངོས་པོ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97551#UT22084-014-001-97551