རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །​ཚད་མྱེད་པ་རྣམས་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །​གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །​རྣམ་པར་ཐར་པ་རྣམས་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །​མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མྱེད་པ་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །​མངོན་པར་ཤེས་པ་རྣམས་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །​ཏིང་ངེ་འཛིན་རྣམས་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །​གཟུངས་ཀྱི་སྒོ་རྣམས་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །​དེ་བཞིན་གཤེགས་པའི་སྟོབས་རྣམས་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །​མྱི་འཇིགས་པ་རྣམས་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །​སོ་སོ་ཡང་དག་པར་རིག་པ་རྣམས་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །​སྙིང་རྗེ་ཆེན་པོ་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་རང་བཞིན་མ་མཆིས་པའི་སླད་དུ།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97549#UT22084-014-001-97549