ཅི་ལོག་ཏུ་མྱི་འགྱུར་རོ། །​ལྟ་བ་ཕྱིན་ཅི་ལོག་ཏུ་མྱི་འགྱུར་རོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ། ཡོངས་སུ་བསྔོ་བ་ལ་མངོན་པར་ཆགས་པ་མྱེད་དོ། །​དགེ་བའི་རྩ་བ་དེ་དག་ལ་ཡང་མངོན་པར་ཆགས་པ་མྱེད་དོ། །​བྱང་ཆུབ་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​གང་ལ་ཆགས་པར་འགྱུར་བའི་བྱང་ཆུབ་ཀྱི་སེམས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་བསྔོ་བ་བླ་ན་མྱེད་པའོ། །​གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསོད་ནམས་བྱ་བའི་དངོས་པོ་མངོན་པར་འདུ་བྱ་བ་དེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཀྱིས་དབེན་པར་ཤེས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དབེན་པར་ཤེས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་དབེན་པར་ཤེས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་དབེན་པར་ཤེས། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་དབེན་པར་ཤེས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་དབེན་པར་ཤེས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་དབེན་པར་ཤེས། ནང་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། ཕྱི་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། ཕྱི་ནང་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། ཆེན་པོ་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། དོན་དམ་པ་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། འདུས་བྱས་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། འདུས་མ་བྱས་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། རང་བཞིན་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། མྱི་དམྱིགས་པ་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97250#UT22084-014-001-97250