རྣམས་སམ། དགེ་བའི་ལྷ་རྣམས་སམ། ཆུང་དགེའི་ལྷ་རྣམས་སམ། ཚད་མྱེད་དགེ་བའི་ལྷ་རྣམས་སམ། དགེ་རྒྱས་ཀྱི་ལྷ་རྣམས་སམ། ཆེ་བའི་ལྷ་རྣམས་སམ། ཆུང་ཆེའི་ལྷ་རྣམས་སམ། ཚད་མྱེད་ཆེ་བའི་ལྷ་རྣམས་སམ། འབྲས་བུ་ཆེ་བའི་ལྷ་རྣམས་སམ། མྱི་ཆེ་བའི་ལྷ་རྣམས་སམ། མྱི་གདུང་བའི་ལྷ་རྣམས་སམ། ཤིན་ཏུ་མཐོང་བའི་ལྷ་རྣམས་སམ། གྱ་ནོམ་སྣང་བའི་ལྷ་རྣམས་སམ། འོག་མྱིན་གྱི་ལྷ་རྣམས་ཀྱིས་དགེ་བའི་རྩ་བ་གང་ཇི་སྙེད་ཅིག་བསྐྱེད་པ་དང་། དམ་པའི་ཆོས་ཇི་སྙེད་ཅིག་ཐོས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ཐམས་ཅད་མངོན་པར་བསྡུས་ཏེ། གཅིག་ཏུ་བརྟུལ་ནས། ཚད་བཟུང་སྟེ། རྗེས་སུ་ཡི་རང་བའི་རབ་མཆོག། ཕུལ་གཙོ་བོ་དམ་པ། གྱ་ནོམ་པ། བླ་ན་མྱེད་པ། གོང་ན་མྱེད་པ། མཉམ་པ་མྱེད་པ། མྱི་མཉམ་པ་དང་མཉམ་པས་རྗེས་སུ་ཡི་རང་ནས། དེ་ཐམས་ཅད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ཞིང་། གལ་ཏེ་འདི་ལྟར་ཆོས་དེ་དག་ནི་ཟད་དོ། །​འགགས་སོ། །​མྱེད་དོ། །​རྣམ་པར་གྱུར་ཏོ། །​གང་ལ་ཡོངས་སུ་བསྔོ་བའི་སེམས་དེ་ཡང་། རང་བཞིན་གྱིས་སྟོང་པའོ་ཞེས། གལ་ཏེ་དེ་ལྟར་ཡོངས་སུ་སྔོ་ན། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཡིན་ནོ། །​གལ་ཏེ་འདི་ལྟར་ཆོས་ཀྱིས་ཆོས་ཡོངས་སུ་བསྔོ་བར་མྱི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཤེས་ལ། གལ་ཏེ་དེ་ལྟར་ཡོངས་སུ་སྔོ་ན། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཡིན་ནོ། །​དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདུ་ཤེས་ཕྱིན་ཅི་ལོག་ཏུ་མྱི་འགྱུར་རོ། །​སེམས་ཕྱིན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97249#UT22084-014-001-97249