དབེན་པར་ཤེས། ཡང་དག་པར་སྤོང་བ་རྣམས་ཀྱིས་དབེན་པར་ཤེས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་དབེན་པར་ཤེས། དབང་པོ་རྣམས་ཀྱིས་དབེན་པར་ཤེས། སྟོབས་རྣམས་ཀྱིས་དབེན་པར་ཤེས། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་དབེན་པར་ཤེས། འཕགས་པའི་ལམ་ཡན་ལག་བརྒྱད་པས་དབེན་པར་ཤེས། འཕགས་པའི་བདེན་པ་རྣམས་ཀྱིས་དབེན་པར་ཤེས། བསམ་གཏན་རྣམས་ཀྱིས་དབེན་པར་ཤེས། ཚད་མྱེད་པ་རྣམས་ཀྱིས་དབེན་པར་ཤེས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་དབེན་པར་ཤེས། རྣམ་པར་ཐར་པ་བརྒྱད་ཀྱིས་དབེན་པར་ཤེས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུས་དབེན་པར་ཤེས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པས་དབེན་པར་ཤེས། མངོན་པར་ཤེས་པ་རྣམས་ཀྱིས་དབེན་པར་ཤེས། ཏིང་ངེ་འཛིན་རྣམས་ཀྱིས་དབེན་པར་ཤེས། གཟུངས་ཀྱི་སྒོ་རྣམས་ཀྱིས་དབེན་པར་ཤེས། དེ་བཞིན་གཤེགས་པའི་སྟོབས་བཅུས་དབེན་པར་ཤེས། མྱི་འཇིགས་པ་བཞིས་དབེན་པར་ཤེས། སོ་སོ་ཡང་དག་པར་རིག་པ་བཞིས་དབེན་པར་ཤེས། བྱམས་པ་ཆེན་པོས་དབེན་པར་ཤེས། སྙིང་རྗེ་ཆེན་པོས་དབེན་པར་ཤེས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱིས་དབེན་པར་ཤེས་ན། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། བསོད་ནམས་བྱ་བའི་དངོས་པོ་མངོན་པར་འདུ་བྱ་བ་དེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཡིན་ནོ། །​གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་མངོན་པར་འདུ་བྱ་བ་དེ། རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་མངོན་པར་འདུ་བྱ་བ་དེ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་དབེན་པར་ཤེས་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ནི། སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱིས་དབེན་ནོ། །​དགེ་བའི་རྩ་བ་དེ་དག་ནི། དགེ་བའི་རྩ་བའི་ངོ་བོ་ཉིད་ཀྱིས་དབེན་ནོ། །​མངོན་པར་འདུ་བྱ་བ་དེ་དག་ནི། མངོན་པར་འདུ་བྱ་བའི་ངོ་བོ་ཉིད་ཀྱིས་དབེན་ནོ། །​བྱང་ཆུབ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97251#UT22084-014-001-97251