ཡང་མ་ཡིན་པའི་བློས། ཏིང་ངེ་འཛིན་རྣམས་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །​གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། གཟུངས་ཀྱི་སྒོ་རྣམས་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །​གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། དེ་བཞིན་གཤེགས་པའི་སྟོབས་རྣམས་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །​གཉིས་ལ་སྤྱོད་པ་ཡང་མ་ཡིན་མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། མྱི་འཇིགས་པ་རྣམས་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །​གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། སོ་སོ་ཡང་དག་པར་རིག་པ་རྣམས་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །​གཉིས་ལ་སྤྱོད་པ་ཡང་མ་ཡིན་མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། སྙིང་རྗེ་ཆེན་པོ་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །​གཉིས་ལ་སྤྱོད་པ་ཡང་མ་ཡིན་མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །​གཉིས་ལ་སྤྱོད་པ་ཡང་མ་ཡིན་མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། ཐམས་ཅད་ཤེས་པ་ཉིད་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །​གཉིས་ལ་སྤྱོད་པ་ཡང་མ་ཡིན་མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །​གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །​ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་རྣམ་གྲངས་དུ་མར་རྒྱ་ཆེར་རྗོད་ཅིང་སྟོན་ལ། འཆད་ཅིང་འགྲེལ་པ་དང་། རྣམ་པར་འབྱེད་ཅིང་གསལ་བར་བྱེད་ལ། ཡང་དག་པར་སྟོན་ཅིང་དེའི་དོན་གཏན་ལ་བབ་པར་སྟོན་པར་བྱེད་ན། ཀཽ་ཤི་ཀ་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ནི་འདི་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ལྟ་བ་མ་ཡིན། གཉིས་སུ་མྱེད་པར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97048#UT22084-014-001-97048