བྱེད་པའོ། །​གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། དབང་པོ་རྣམས་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །​གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། སྟོབས་རྣམས་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །​གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། བྱང་ཆུབ་ཀྱི་ཡན་ལག་རྣམས་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །​གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །​གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། འཕགས་པའི་བདེན་པ་རྣམས་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །​གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། བསམ་གཏན་རྣམས་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །​གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། ཚད་མྱེད་པ་རྣམས་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །​གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །​གཉིས་ལ་སྤྱོད་པ་ཡང་མ་ཡིན་མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། རྣམ་པར་ཐར་པ་བརྒྱད་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །​གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །​གཉིས་ལ་སྤྱོད་པ་ཡང་མ་ཡིན་མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །​གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། མངོན་པར་ཤེས་པ་རྣམས་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །​གཉིས་ལ་སྤྱོད་པ་ཡང་མ་ཡིན། མྱི་གཉིས་པ་ལ་སྤྱོད་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97047#UT22084-014-001-97047