སྟོབས་ལྔ་རྣམ་པར་འཕེལ་ལོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཅིང་། བྱང་ཆུབ་ཀྱི་ཡན་ལག་བདུན་རྣམ་པར་འཕེལ་ལོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཅིང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམ་པར་འཕེལ་ལོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཅིང་། འཕགས་པའི་བདེན་པ་བཞི་རྣམ་པར་འཕེལ་ལོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཅིང་། བསམ་གཏན་བཞི་རྣམ་པར་འཕེལ་ལོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཅིང་། ཚད་མྱེད་པ་བཞི་རྣམ་པར་འཕེལ་ལོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཅིང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་རྣམ་པར་འཕེལ་ལོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཅིང་། རྣམ་པར་ཐར་པ་བརྒྱད་རྣམ་པར་འཕེལ་ལོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཅིང་། མཐརད་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམ་པར་འཕེལ་ལོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཅིང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་རྣམ་པར་འཕེལ་ལོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཅིང་། མངོན་པར་ཤེས་པ་རྣམས་རྣམ་པར་འཕེལ་ལོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཅིང་། ཏིང་ངེ་འཛིན་རྣམས་རྣམ་པར་འཕེལ་ལོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཅིང་། གཟུངས་ཀྱི་སྒོ་རྣམས་རྣམ་པར་འཕེལ་ལོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཅིང་། དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམ་པར་འཕེལ་ལོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཅིང་། མྱི་འཇིགས་པ་བཞི་རྣམ་པར་འཕེལ་ལོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཅིང་། སོ་སོ་ཡང་དག་པར་རིག་པ་བཞི་རྣམ་པར་འཕེལ་ལོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཅིང་།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96848#UT22084-014-001-96848