བསམ་གཏན་རྣམས་རྣམ་པར་འཕེལ་ལོ། །​ཚད་མྱེད་པ་རྣམས་རྣམ་པར་འཕེལ་ལོ། །​གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་རྣམ་པར་འཕེལ་ལོ། །​རྣམ་པར་ཐར་པ་བརྒྱད་རྣམ་པར་འཕེལ་ལོ། །​མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་རྣམ་པར་འཕེལ་ལོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་རྣམ་པར་འཕེལ་ལོ། །​མངོན་པར་ཤེས་པ་རྣམས་རྣམ་པར་འཕེལ་ལོ། །​ཏིང་ངེ་འཛིན་རྣམས་རྣམ་པར་འཕེལ་ལོ། །​གཟུངས་ཀྱི་སྒོ་རྣམས་རྣམ་པར་འཕེལ་ལོ། །​དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམ་པར་འཕེལ་ལོ། །​མྱི་འཇིགས་པ་བཞི་རྣམ་པར་འཕེལ་ལོ། །​སོ་སོ་ཡང་དག་པར་རིག་པ་བཞི་རྣམ་པར་འཕེལ་ལོ། །​སྙིང་རྗེ་ཆེན་པོ་རྣམ་པར་འཕེལ་ལོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་རྣམ་པར་འཕེལ་ལོ། །​ཐམས་ཅད་ཤེས་པ་ཉིད་རྣམ་པར་འཕེལ་ལོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་རྣམ་པར་འཕེལ་ལོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་འཕེལ་ཏེ། ཀུན་དགའ་བོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཅིང་། ཕ་རོལད་ཏུ་ཕྱིནད་པ་ལྔ་རྣམས་རྣམ་པར་འཕེལ་ལོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཅིང་། སྟོང་པ་ཉིད་ཐམས་ཅད་རྣམ་པར་འཕེལ་ལོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཅིང་། དྲན་པ་ཉེ་བར་གཞག་པ་བཞི་རྣམ་པར་འཕེལ་ལོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཅིང་། ཡང་དག་པར་སྤོང་བ་བཞི་རྣམ་པར་འཕེལ་ལོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཅིང་། རྫུ་འཕྲུལ་གྱི་རྐང་པ་བཞི་རྣམ་པར་འཕེལ་ལོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཅིང་། དབང་པོ་ལྔ་རྣམ་པར་འཕེལ་ལོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཅིང་།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96847#UT22084-014-001-96847