སྙིང་རྗེ་ཆེན་པོ་རྣམ་པར་འཕེལ་ལོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཅིང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་རྣམ་པར་འཕེལ་ལོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཅིང་། ཐམས་ཅད་ཤེས་པ་ཉིད་རྣམ་པར་འཕེལ་ལོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཅིང་། ལམ་གྱི་རྣམ་པ་ཤེས་པ་ཉིད་རྣམ་པར་འཕེལ་ལོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་འཕེལ་ལོ། །​ཀུན་དགའ་བོ་དེ་ལྟ་བས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་ཡོངས་སུ་སྒྲུབ་པའོ། །​སྟོང་པ་ཉིད་ཐམས་ཅད་ཡོངས་སུ་སྒྲུབ་པའོ། །​དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་སྒྲུབ་པའོ། །​ཡང་དག་པར་སྤོང་བ་བཞི་ཡོངས་སུ་སྒྲུབ་པའོ། །​རྫུ་འཕྲུལ་གྱི་རྐང་པ་བཞི་ཡོངས་སུ་སྒྲུབ་པའོ། །​དབང་པོ་ལྔ་ཡོངས་སུ་སྒྲུབ་པའོ། །​སྟོབས་ལྔ་ཡོངས་སུ་སྒྲུབ་པའོ། །​བྱང་ཆུབ་ཀྱི་ཡན་ལག་བདུན་ཡོངས་སུ་སྒྲུབ་པའོ། །​འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་སྒྲུབ་པའོ། །​འཕགས་པའི་བདེན་པ་བཞི་ཡོངས་སུ་སྒྲུབ་པའོ། །​བསམ་གཏན་བཞི་ཡོངས་སུ་སྒྲུབ་པའོ། །​ཚད་མྱེད་པ་བཞི་ཡོངས་སུ་སྒྲུབ་པའོ། །​གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཡོངས་སུ་སྒྲུབ་པའོ། །​རྣམ་པར་ཐར་པ་བརྒྱད་ཡོངས་སུ་སྒྲུབ་པའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་སྒྲུབ་པའོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་སུ་སྒྲུབ་པའོ། །​མངོན་པར་ཤེས་པ་རྣམས་ཡོངས་སུ་སྒྲུབ་པའོ། །ཏིང་ངེ་འཛིན་རྣམས་ཡོངས་སུ་སྒྲུབ་པའོ། །​གཟུངས་ཀྱི་སྒོ་རྣམས་ཡོངས་སུ་སྒྲུབ་པའོ། །​དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་སྒྲུབ་པའོ། །​མྱི་འཇིགས་པ་བཞི་ཡོངས་སུ་སྒྲུབ་པའོ། །​སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96849#UT22084-014-001-96849