ཀྱི་ཐོག་མར་འགྲོ་བ་ནི། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིན་པ་ཉིད་དོ། །​ཀུན་དགའ་བོ་འདི་ལྟ་སྟེ་དཔེར་ན། ས་ཆེན་པོ་ལ་ས་བོན་བཏབ་པ། རྒྱུ་རྐྱེན་ཚོགས་པར་གྱུར་ནས། རྣམ་པར་འཕེལ་བར་འགྱུར་བ་ཡང་། ས་ཆེན་པོ་ནི་དེ་དག་གི་གནས་ཏེ། ས་ཆེན་པོ་ལ་བརྟེན་ཅིང་ས་བོན་དེ་དག་སྐྱེ་བར་འགྱུར་རོ། །​དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་བརྟེན་ཅིང་ཕ་རོལད་ཏུ་ཕྱིནད་པ་ལྔ་པོ་འདི་དག་རྣམ་པར་འཕེལ་ལོ། །​ནང་སྟོང་པ་ཉིད་རྣམ་པར་འཕེལ་ལོ། །​ཕྱི་སྟོང་པ་ཉིད་རྣམ་པར་འཕེལ་ལོ། །ཕྱི་ནང་སྟོང་པ་ཉིད་རྣམ་པར་འཕེལ་ལོ། །​སྟོང་པ་ཉིད་སྟོང་པ་ཉིད་རྣམ་པར་འཕེལ་ལོ། །​ཆེན་པོ་སྟོང་པ་ཉིད་རྣམ་པར་འཕེལ་ལོ། །​དོན་དམ་པ་སྟོང་པ་ཉིད་རྣམ་པར་འཕེལ་ལོ། །​འདུས་བྱས་སྟོང་པ་ཉིད་རྣམ་པར་འཕེལ་ལོ། །​འདུས་མ་བྱས་སྟོང་པ་ཉིད་རྣམ་པར་འཕེལ་ལོ། །​མཐའ་ལས་འདས་པ་སྟོང་པ་ཉིད་རྣམ་པར་འཕེལ་ལོ། །​ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་རྣམ་པར་འཕེལ་ལོ། །​དོར་བ་མྱེད་པ་སྟོང་པ་ཉིད་རྣམ་པར་འཕེལ་ལོ། །​རང་བཞིན་སྟོང་པ་ཉིད་རྣམ་པར་འཕེལ་ལོ། །​ཆོས་ཐམས་ཅད་སྟོང་པ་ཉིད་རྣམ་པར་འཕེལ་ལོ། །​རང་གི་མཚན་ཉིད་སྟོང་པ་ཉིད་རྣམ་པར་འཕེལ་ལོ། །​མྱི་དམྱིགས་པ་སྟོང་པ་ཉིད་རྣམ་པར་འཕེལ་ལོ། །​དངོས་པོ་མྱེད་པ་སྟོང་པ་ཉིད་རྣམ་པར་འཕེལ་ལོ། །​ངོ་བོ་ཉིད་སྟོང་པ་ཉིད་རྣམ་པར་འཕེལ་ལོ། །​དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྣམ་པར་འཕེལ་ལོ། །​དྲན་པ་ཉེ་བར་གཞག་པ་རྣམས་རྣམ་པར་འཕེལ་ལོ། །​ཡང་དག་པར་སྤོང་བ་རྣམས་རྣམ་པར་འཕེལ་ལོ། །​རྫུ་འཕྲུལ་གྱི་རྐང་པ་རྣམས་རྣམ་པར་འཕེལ་ལོ། །​དབང་པོ་རྣམས་རྣམ་པར་འཕེལ་ལོ། །​སྟོབས་རྣམས་རྣམ་པར་འཕེལ་ལོ། །​བྱང་ཆུབ་ཀྱི་ཡན་ལག་རྣམས་རྣམ་པར་འཕེལ་ལོ། །​འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་རྣམ་པར་འཕེལ་ལོ། །​འཕགས་པའི་བདེན་པ་རྣམས་རྣམ་པར་འཕེལ་ལོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96846#UT22084-014-001-96846