ལས་རྣམ་པར་ཐར་པའི་སྒོ་གསུམ་ཐོབ་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་མྱི་ལས་རྣམ་པར་ཐར་པ་བརྒྱད་ཐོབ་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་མྱི་ལས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཐོབ་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་མྱི་ལས་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་མྱི་ལས་མངོན་པར་ཤེས་པ་དྲུག་ཐོབ་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་མྱི་ལས་ཀུན་ཏུ་སྦྱོར་བ་གསུམ་སྤངས་པའི་ཕྱིར། རྒྱུན་ཏུ་ཞུགས་པར་གྱུར་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་མྱི་ལས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་བསྲབས་པའི་ཕྱིར། ལན་ཅིག་ཕྱིར་འོང་བར་གྱུར་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་མྱི་ལས་དམ་པ་མ་ཡིན་པའི་ཆའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པའི་ཕྱིར། ཕྱིར་མྱི་འོང་བར་གྱུར་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། །​འཛམ་བུའི་གླིང་གི་མྱི་ལས་བླ་མའི་ཆའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པའི་ཕྱིར། དགྲ་བཅོམ་པར་གྱུར་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་མྱི་ལས་རང་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་མྱི་ལས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། །​བརྒྱ་བྱིན་གྱིས་གསོལ་པ། འཛམ་བུའི་གླིང་གི་མྱི་ལས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཐོབ་པ་དེ་ལྟ་བུ་ནི་ཉུང་ངོ་། །​དེ་བས་ཀྱང་རྣམ་པར་ཐར་པའི་སྒོ་གསུམ་ཐོབ་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །​དེ་བས་ཀྱང་རྣམ་པར་ཐར་པ་བརྒྱད་ཐོབ་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །​དེ་བས་ཀྱང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཐོབ་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །​དེ་བས་ཀྱང་སོ་སོ་ཡང་དག་པར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96749#UT22084-014-001-96749