པ་དང་། ཀུན་ཆུབ་པར་བྱས་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱས་པ་དང་། མེ་ཏོག་དང་། ཕྲེང་བ་དང་། དྲི་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོ་དང་། བཀུར་སྟི་དང་ཕུ་དུད་དང་། མཆོད་པ་བྱས་ན་འདི་ཉིད་དེ་བས་བསོད་ནམས་ཆེས་མང་དུ་འཕེལ་ལོ། །​ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་འདི་ལས་བྱུང་ངོ་། །​ནང་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །​ཕྱི་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །ཕྱི་ནང་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །​སྟོང་པ་ཉིད་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །​ཆེན་པོ་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །​དོན་དམ་པ་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །​འདུས་བྱས་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །​འདུས་མ་བྱས་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །​མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །​ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །​དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །​རང་བཞིན་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །​ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །​རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །​མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །​དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །​ངོ་བོ་ཉིད་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །​དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །​དྲན་པ་ཉེ་བར་གཞག་པ་བཞི་ཡང་འདི་ལས་བྱུང་ངོ་། །​ཡང་དག་པར་སྤོང་བ་བཞི་ཡང་འདི་ལས་བྱུང་ངོ་། །​རྫུ་འཕྲུལ་གྱི་རྐང་པ་བཞི་ཡང་འདི་ལས་བྱུང་ངོ་། །དབང་པོ་ལྔ་ཡང་འདི་ལས་བྱུང་ངོ་། །​སྟོབས་ལྔ་ཡང་འདི་ལས་བྱུང་ངོ་། །​བྱང་ཆུབ་ཀྱི་ཡན་ལག་བདུན་ཡང་འདི་ལས་བྱུང་ངོ་། །​འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་འདི་ལས་བྱུང་ངོ་། །​འཕགས་པའི་བདེན་པ་བཞི་ཡང་འདི་ལས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-99230#UT22084-014-001-99230