བྱ་བར་གྱུར་ཏེ། ཀཽ་ཤི་ཀ་ང་ཡོངས་སུ་མྱ་ངན་ལས་འདས་ནས་སྐུ་གདུང་མཆོད་པ་ཡང་སྐུ་ལ་མཆོད་པ་ཉིད་དུ་འགྱུར་གྱི། ཆོས་ལ་ཤིན་ཏུ་མཆོད་པར་མྱི་འགྱུར་རོ། །​ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཏེ། འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བྱས་པས་ནི་དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་མཆོད་པ་བྱས་པར་འགྱུར་རོ། །​ཀཽ་ཤི་ཀ་དེ་བས་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པས་དེ་བཞིན་གཤེགས་པ་ལ་མཆོད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་བྲིས་ཏེ། གཟུང་བར་བྱའོ། །​བཅང་བར་བྱའོ། །​ཀླག་པར་བྱའོ། །​ཀུན་ཆུབ་པར་བྱའོ། །​ཚུལ་བཞིན་དུ་ཡིད་ལ་བྱའོ། །​མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོར་བྱའོ། །​བཀུར་སྟིར་བྱའོ། །​ཕུ་དུད་དུ་བྱའོ། །​མཆོད་པར་བྱའོ། །​ཀཽ་ཤི་ཀ་གང་ལ་ལས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དུ་བཅུག་གམ། རིན་པོ་ཆེ་སྣ་བདུན་གྱི་སྣོད་དུ་བླུགས་ཤིང་གཅེས་པར་བྱས་ཏེ། དེ་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བྱས་པ་བས། གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཏེ། བཟུང་བ་དང་། བཅངས་པ་དང་། བླགས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-99231#UT22084-014-001-99231