རྣམས་མྱི་དམྱིགས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མྱི་དམྱིགས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མྱི་དམྱིགས། མངོན་པར་ཤེས་པ་རྣམས་མི་དམིགས། ཏིང་ངེ་འཛིན་རྣམས་མྱི་དམྱིགས། གཟུངས་ཀྱི་སྒོ་རྣམས་མྱི་དམྱིགས། དེ་བཞིན་གཤེགས་པའི་སྟོབས་རྣམས་མྱི་དམྱིགས། མྱི་འཇིགས་པ་རྣམས་མྱི་དམྱིགས། སོ་སོ་ཡང་དག་པར་རིག་པ་རྣམས་མྱི་དམྱིགས། བྱམས་པ་ཆེན་པོ་མྱི་དམྱིགས། སྙིང་རྗེ་ཆེན་པོ་མྱི་དམྱིགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མྱི་དམྱིགས་སོ། །​རྒྱུན་ཏུ་ཞུགས་པའི་འབྲས་བུ་མྱི་དམྱིགས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མྱི་དམྱིགས། ཕྱིར་མྱི་འོང་བའི་འབྲས་བུ་མྱི་དམྱིགས། དགྲ་བཅོམ་པ་ཉིད་མྱི་དམྱིགས། རང་བྱང་ཆུབ་མྱི་དམྱིགས། ཐམས་ཅད་ཤེས་པ་ཉིད་མྱི་དམྱིགས། ལམ་གྱི་རྣམ་པ་ཤེས་པ་ཉིད་མྱི་དམྱིགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མྱི་དམྱིགས་སོ། །​དེ་ལྟར་མྱི་དམྱིགས་པས་ན། བདག་ལ་ཡང་གནོད་པར་མྱི་བྱེད། གཞན་ལ་ཡང་གནོད་པར་མྱི་བྱེད། གཉིས་ཀ་ལ་ཡང་གནོད་པར་མྱི་བྱེད་དེ། དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་ཅིང་། སེམས་ཅན་ཐམས་ཅད་ཀྱི་སེམས་ལ་རྣམ་པར་ལྟ་བར་འགྱུར་རོ། །​དེ་ཅིའི་ཕྱིར་ཞེ་ན། འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། རིག་སྔགས་འདི་ཉིད་ལ་བསླབས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །​གང་མ་བྱོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཀྱང་རིག་སྔགས་འདི་ཉིད་ལ་བསླབས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96740#UT22084-014-001-96740