ལེན་པ་མྱི་དམྱིགས། སྲིད་པ་མྱི་དམྱིགས། སྐྱེ་བ་མྱི་དམྱིགས། རྒ་ཤི་མྱི་དམྱིགས་སོ། །​སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པ་མྱི་དམྱིགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་སོ། །​ནང་སྟོང་པ་ཉིད་མྱི་དམྱིགས། ཕྱི་སྟོང་པ་ཉིད་མྱི་དམྱིགས། ཕྱི་ནང་སྟོང་པ་ཉིད་མྱི་དམྱིགས། སྟོང་པ་ཉིད་སྟོང་པ་ཉིད་མྱི་དམྱིགས། ཆེན་པོ་སྟོང་པ་ཉིད་མྱི་དམྱིགས། དོན་དམ་པ་སྟོང་པ་ཉིད་མྱི་དམྱིགས། འདུས་བྱས་སྟོང་པ་ཉིད་མྱི་དམྱིགས། འདུས་མ་བྱས་སྟོང་པ་ཉིད་མྱི་དམྱིགས། མཐའ་ལས་འདས་པ་སྟོང་པ་ཉིད་མྱི་དམྱིགས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མྱི་དམྱིགས། དོར་བ་མྱེད་པ་སྟོང་པ་ཉིད་མྱི་དམྱིགས། རང་བཞིན་སྟོང་པ་ཉིད་མྱི་དམྱིགས། ཆོས་ཐམས་ཅད་སྟོང་པ་ཉིད་མྱི་དམྱིགས། རང་གི་མཚན་ཉིད་སྟོང་པ་ཉིད་མྱི་དམྱིགས། མྱི་དམྱིགས་པ་སྟོང་པ་ཉིད་མྱི་དམྱིགས། དངོས་པོ་མྱེད་པ་སྟོང་པ་ཉིད་མྱི་དམྱིགས། ངོ་བོ་ཉིད་སྟོང་པ་ཉིད་མྱི་དམྱིགས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མྱི་དམྱིགས་སོ། །​དྲན་པ་ཉེ་བར་གཞག་པ་རྣམས་མྱི་དམྱིགས། ཡང་དག་པར་སྤོང་བ་རྣམས་མྱི་དམྱིགས། རྫུ་འཕྲུལ་གྱི་རྐང་པ་རྣམས་མྱི་དམྱིགས། དབང་པོ་རྣམས་མྱི་དམིགས། སྟོབས་རྣམས་མྱི་དམྱིགས། བྱང་ཆུབ་ཀྱི་ཡན་ལག་རྣམས་མྱི་དམྱིགས། འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱི་དམྱིགས་སོ། །​འཕགས་པའི་བདེན་པ་རྣམས་མྱི་དམྱིགས། བསམ་གཏན་རྣམས་མྱི་དམྱིགས། ཚད་མྱེད་པ་རྣམས་མྱི་དམྱིགས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མྱི་དམྱིགས་སོ། །​རྣམ་པར་ཐར་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96739#UT22084-014-001-96739