ཕ་རོལ་ཏུ་ཕྱིན་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་བཙལ་བར་མྱི་བྱ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་བཙལ་བར་མྱི་བྱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །​ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ནང་སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། ནང་སྟོང་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​ཕྱི་སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། ཕྱི་སྟོང་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​ཕྱི་ནང་སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། ཕྱི་ནང་སྟོང་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། སྟོང་པ་ཉིད་སྟོང་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​ཆེན་པོ་སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། ཆེན་པོ་སྟོང་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​དོན་དམ་པ་སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། དོན་དམ་པ་སྟོང་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​འདུས་བྱས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96483#UT22084-014-001-96483