སྲེད་པ་ལས་ཀྱང་བཙལ་བར་མྱི་བྱ། སྲེད་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​ལེན་པ་ལས་ཀྱང་བཙལ་བར་མྱི་བྱ། ལེན་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​སྲིད་པ་ལས་ཀྱང་བཙལ་བར་མྱི་བྱ། སྲིད་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​སྐྱེ་བ་ལས་ཀྱང་བཙལ་བར་མྱི་བྱ། སྐྱེ་བ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​རྒ་ཤི་ལས་ཀྱང་བཙལ་བར་མྱི་བྱ། རྒ་ཤི་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་མ་རིག་པ་གང་ཡིན་པ་དང་། འདུ་བྱེད་གང་ཡིན་པ་དང་། རྣམ་པར་ཤེས་པ་གང་ཡིན་པ་དང་། མྱིང་དང་གཟུགས་གང་ཡིན་པ་དང་། སྐྱེ་མཆེད་དྲུག་གང་ཡིན་པ་དང་། རེག་པ་གང་ཡིན་པ་དང་། ཚོར་བ་གང་ཡིན་པ་དང་། སྲེད་པ་གང་ཡིན་པ་དང་། ལེན་པ་གང་ཡིན་པ་དང་། སྲིད་པ་གང་ཡིན་པ་དང་། སྐྱེ་བ་གང་ཡིན་པ་དང་། རྒ་ཤི་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མེད་པའོ། །​ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་བཙལ་བར་མྱི་བྱ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་བཙལ་བར་མྱི་བྱ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་བཙལ་བར་མྱི་བྱ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་བཙལ་བར་མྱི་བྱ། བརྩོན་འགྲུས་ཀྱི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96482#UT22084-014-001-96482