སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། འདུས་བྱས་སྟོང་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​འདུས་མ་བྱས་སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། འདུས་མ་བྱས་སྟོང་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​མཐའ་ལས་འདས་པ་སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། མཐའ་ལས་འདས་པ་སྟོང་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​དོར་བ་མྱེད་པ་སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། དོར་བ་མྱེད་པ་སྟོང་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​རང་བཞིན་སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། རང་བཞིན་སྟོང་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​ཆོས་ཐམས་ཅད་སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། ཆོས་ཐམས་ཅད་སྟོང་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​རང་གི་མཚན་ཉིད་སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། །​རང་གི་མཚན་ཉིད་སྟོང་པ་ཉིད་ལས་གཞན་དུ་ཡང་བཙལ་མྱི་བྱའོ། །​མྱི་དམྱིགས་པ་སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། མྱི་དམྱིགས་པ་སྟོང་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​དངོས་པོ་མྱེད་པ་སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། དངོས་པོ་མྱེད་པ་སྟོང་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​ངོ་བོ་ཉིད་སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། ངོ་བོ་ཉིད་སྟོང་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལས་ཀྱང་བཙལ་བར་མྱི་བྱ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ནང་སྟོང་པ་ཉིད་གང་ཡིན་པ་དང་། ཕྱི་སྟོང་པ་ཉིད་གང་ཡིན་པ་དང་། ཕྱི་ནང་སྟོང་པ་ཉིད་གང་ཡིན་པ་དང་། སྟོང་པ་ཉིད་སྟོང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96484#UT22084-014-001-96484