བྱ། མྱེའི་ཁམས་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​རླུང་གི་ཁམས་ལས་ཀྱང་བཙལ་བར་མྱི་བྱ། རླུང་གི་ཁམས་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​ནམ་མཁའི་ཁམས་ལས་ཀྱང་བཙལ་བར་མྱི་བྱ། ནམ་མཁའི་ཁམས་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​རྣམ་པར་ཤེས་པའི་ཁམས་ལས་ཀྱང་བཙལ་བར་མྱི་བྱ། རྣམ་པར་ཤེས་པའི་ཁམས་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་སའི་ཁམས་གང་ཡིན་པ་དང་། ཆུའི་ཁམས་གང་ཡིན་པ་དང་། མྱེའི་ཁམས་གང་ཡིན་པ་དང་། རླུང་གི་ཁམས་གང་ཡིན་པ་དང་། ནམ་མཁའི་ཁམས་གང་ཡིན་པ་དང་། རྣམ་པར་ཤེས་པའི་ཁམས་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །​ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མ་རིག་པ་ལས་ཀྱང་བཙལ་བར་མྱི་བྱ། མ་རིག་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​འདུ་བྱེད་ལས་ཀྱང་བཙལ་བར་མྱི་བྱ། འདུ་བྱེད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​རྣམ་པར་ཤེས་པ་ལས་ཀྱང་བཙལ་བར་མྱི་བྱ། རྣམ་པར་ཤེས་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​མྱིང་དང་གཟུགས་ལས་ཀྱང་བཙལ་བར་མྱི་བྱ། མྱིང་དང་གཟུགས་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​སྐྱེ་མཆེད་དྲུག་ལས་ཀྱང་བཙལ་བར་མྱི་བྱ། སྐྱེ་མཆེད་དྲུག་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​རེག་པ་ལས་ཀྱང་བཙལ་བར་མྱི་བྱ། རེག་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​ཚོར་བ་ལས་ཀྱང་བཙལ་བར་མྱི་བྱ། ཚོར་བ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96481#UT22084-014-001-96481