དེ་ནི་འདི་ལྟར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་རྣམ་པར་ཐར་པ་རྣམས་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་ཐར་པ་རྣམས་ལ་རྣམ་པར་ཐར་པ་རྣམས་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་མངོན་པར་ཤེས་པ་རྣམས་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་མངོན་པར་ཤེས་པ་རྣམས་ལ་མངོན་པར་ཤེས་པ་རྣམས་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་ཏིང་ངེ་འཛིན་རྣམས་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་རྣམས་ལ་ཏིང་ངེ་འཛིན་རྣམས་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་གཟུངས་ཀྱི་སྒོ་རྣམས་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་གཟུངས་ཀྱི་སྒོ་རྣམས་ལ་གཟུངས་ཀྱི་སྒོ་རྣམས་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་མྱི་འཇིགས་པ་རྣམས་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96405#UT22084-014-001-96405