ཕྱིར། མྱི་འཇིགས་པ་རྣམས་ལ་མྱི་འཇིགས་པ་རྣམས་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་སོ་སོ་ཡང་དག་པར་རིག་པ་རྣམས་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་སོ་སོ་ཡང་དག་པར་རིག་པ་རྣམས་ལ་སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་བྱམས་པ་ཆེན་པོ་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་བྱམས་པ་ཆེན་པོ་ལ་བྱམས་པ་ཆེན་པོ་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་སྙིང་རྗེ་ཆེན་པོ་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་སྙིང་རྗེ་ཆེན་པོ་ལ་སྙིང་རྗེ་ཆེན་པོ་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་ཐམས་ཅད་ཤེས་པ་ཉིད་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་ཐམས་ཅད་ཤེས་པ་ཉིད་ལ་ཐམས་ཅད་ཤེས་པ་ཉིད་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མྱི་འཛིན་ཏོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ལ་ཡོངས་སུ་འཛིན་པ་མྱེད་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་ངོ་། །​སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བ་ཡིན་ནམ། །​རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96406#UT22084-014-001-96406