ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་དྲན་པ་ཉེ་བར་གཞག་པ་རྣམས་ལ་དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་ཡང་དག་པར་སྤོང་བ་རྣམས་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་ཡང་དག་པར་སྤོང་བ་རྣམས་ལ་ཡང་དག་པར་སྤོང་བ་རྣམས་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་དབང་པོ་རྣམས་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་དབང་པོ་རྣམས་ལ་དབང་པོ་རྣམས་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་སྟོབས་རྣམས་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་སྟོབས་རྣམས་ལ་སྟོབས་རྣམས་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་མྱི་འཛིན་ཏོ། །དེ་ནི་འདི་ལྟར་འཕགས་པའི་བདེན་པ་རྣམས་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་འཕགས་པའི་བདེན་པ་རྣམས་ལ་འཕགས་པའི་བདེན་པ་རྣམས་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་བསམ་གཏན་རྣམས་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་བསམ་གཏན་རྣམས་ལ་བསམ་གཏན་རྣམས་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་ཚད་མྱེད་པ་རྣམས་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་ཚད་མྱེད་པ་རྣམས་ལ་ཚད་མྱེད་པ་རྣམས་ཡོངས་སུ་མྱི་འཛིན་ཏོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96404#UT22084-014-001-96404