ཀྱིས་ཚོར་བ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། སའི་ཁམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། ཆུའི་ཁམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། མྱེའི་ཁམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། རླུང་གི་ཁམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། ནམ་མཁའི་ཁམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། རྣམ་པར་ཤེས་པའི་ཁམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། མ་རིག་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། འདུ་བྱེད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། རྣམ་པར་ཤེས་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། མྱིང་དང་གཟུགས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། སྐྱེ་མཆེད་དྲུག་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། རེག་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། ཚོར་བ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། སྲེད་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། ལེན་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། སྲིད་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96393#UT22084-014-001-96393