ན། སྐྱེ་བ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། རྒ་ཤི་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། ཚུལ་ཁྲིམས་ཀྱི་ཕ་རོལད་ཏུ་ཕྱིན་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། ནང་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། ཕྱི་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། ཆེན་པོ་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། འདུས་བྱས་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96394#UT22084-014-001-96394