མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། ཆོས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མི་སློབ་པ་ཡིན། ཅིའི་ཕྱིར་ན། མྱིག་གི་རྣམ་པར་ཤེས་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། སྣའི་རྣམ་པར་ཤེས་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། ལྕེའི་རྣམ་པར་ཤེས་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། ལུས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། མྱིག་གི་འདུས་ཏེ་རེག་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། རྣ་བའི་འདུས་ཏེ་རེག་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། སྣའི་འདུས་ཏེ་རེག་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། ལྕེའི་འདུས་ཏེ་རེག་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། ལུས་ཀྱི་འདུས་ཏེ་རེག་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། ཡིད་ཀྱི་འདུས་ཏེ་རེག་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། མྱིག་གི་འདུས་ཏེ་རེག་པའི་རྐྱེནད་ཀྱིས་ཚོར་བ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། རྣ་བའི་འདུས་ཏེ་རེག་པའི་རྐྱེནད་ཀྱིས་ཚོར་བ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། ལྕེའི་འདུས་ཏེ་རེག་པའི་རྐྱེན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96392#UT22084-014-001-96392