དག་དེ་ལྟ་བས་ན་ལ་ལ་ཞིག་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གནས་པར་འདོད་ཅིང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བར་འདོད་ན་ཡང་། བཟོད་པ་འདི་ལ་མྱི་བརྟེན་དུ་མྱི་རུང་ངོ་། །​ལ་ལ་ཞིག་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་གནས་པར་འདོད་ཅིང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བར་འདོད་ན་ཡང་། བཟོད་པ་འདི་ལ་མྱི་བརྟེན་དུ་མྱི་རུང་ངོ་། །​ལ་ལ་ཞིག་ཕྱིར་མྱི་འོང་བའི་འབྲས་བུ་ལ་གནས་པར་འདོད་ཅིང་། ཕྱིར་མྱི་འོང་བའི་འབྲས་བུ་མངོན་དུ་བྱ་བར་འདོད་ན་ཡང་། བཟོད་པ་འདི་ལ་མྱི་བརྟེན་དུ་མྱི་རུང་ངོ་། །​ལ་ལ་ཞིག་དགྲ་བཅོམ་པ་ཉིད་ལ་གནས་པར་འདོད་ཅིང་། དགྲ་བཅོམ་པ་ཉིད་མངོན་དུ་བྱ་བར་འདོད་ན་ཡང་། བཟོད་པ་འདི་ལ་མྱི་བརྟེན་དུ་མྱི་རུང་ངོ་། །​ལ་ལ་ཞིག་རང་བྱང་ཆུབ་ལ་གནས་པར་འདོད་ཅིང་། རང་བྱང་ཆུབ་མངོན་ཏུ་བྱ་བར་འདོད་ན་ཡང་། བཟོད་པ་འདི་ལ་མི་བརྟེན་དུ་མྱི་རུང་ངོ་། །​ལ་ལ་ཞིག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པར་འདོད་ཅིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་དུ་བྱ་བར་འདོད་ན་ཡང་། བཟོད་པ་འདི་ལ་མྱི་བརྟེན་དུ་མྱི་རུང་ངོ་། །​ལྷའི་བུ་དག་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་པོ་བསྐྱེད་པ་ནས་བརྗོད་པ་དང་། མཉན་དུ་མྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་གནས་པར་བྱའོ། །​ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཅུ་བཞིའོ།​། །​།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། །​བམ་པོ་ཉི་ཤུ་ལྔ་པ། །​དེ་ནས་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་པར་གྱུར་ཏེ། གནས་བརྟན་རབ་འབྱོར་ལ་ཆོས་ཉན་པ་རྣམ་པ་ཇི་ལྟ་བུ་དག་བཙལ་བར་བྱ་སྙམ་པ་དང་། །​དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱི་སེམས་ཀྱིས་ལྷའི་བུ་དེ་དག་གི་སེམས་ཀྱི་རྣམ་པར་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ནས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96185#UT22084-014-001-96185